སི་ཁྲོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་བུད་མེད་དང་བླངས་པ་སྤྱི་ཚོགས་ཕན་བདེ་ཁང་དུ་ཕྱིན་ནས་གཅེས་སེམས་ཕུལ།

ཡེ་ཤེས་ཀྱིས་བསྒྱུར།        2017-04-01

ཉེ་ཆར།  སི་ཁྲོན་ཞིང་ཆེན་བོད་རིགས་ས་ཁུལ་བུད་མེད་དང་བླངས་པ་སྤྱི་ཚོགས་ཕན་བདེ་ཁང་དུ་ཕྱིན་ནས་གཅེས་སེམས་ཕུལ། རྔ་བ་ཁུལ་ཟུངས་མཆུ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་དང་བླངས་པ་ཚོས་མཚོ་འཕགས་ཆ་སྙོམས་མཐོ་ཚད་སྨི3500ཡོད་པའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟུངས་མཆུ་རྫོང་སྤྱི་ཚོགས་ཕན་བདེ་ཁང་དུ་ཕེབས་ནས་མི་ཧྲེང་རྒན་རྒོན་ལ་འཚམས་འདྲི་གནང་བ་རེད།

བུད་མེད་དང་བླངས་པ་འདི་དག་ནི་ཟངས་མཆུ་རྫོང་གི་རིམ་པ་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་བུད་མེད་དང་བླངས་པའི་ཞབས་ཞུ་རྩ་འཛུགས་ཤིག་རེད། མིག་སྔར་ལས་རིགས་ཁག་ནས་ཡོང་བའི་དང་བླངས་པ96ཡོད་ཅིང་།  ཞབས་འདེབས་བྱ་ཡུལ་ནི་ཁྲིམས་ལུགས་དང་སྲིད་ཇུས་གྲོས་འདྲི། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་།   ལས་ཞུགས་ཁྲིད་སྟོན། འཇོན་ནུས་ལག་རྩལ་གསོ་སྐྱོང་སྦྱོང་བརྡར།  ཁྱིམ་ནང་དུ་སློབ་གསོ་གཏོང་བ། དབུལ་སྐྱོར་རོགས་རམ་སོགས་ཀྱི་ཐད་རེད།།


  • ལེ་ཚན་སྔོན་མ།:ཡོངས་འཛིན་བོད་ཡིག་གི་འཚོལ་བཤེར་མ་ལག་སྤྱོད་མཁན་མི་ཁྲི7500ལ་ཟིན།
  • ལེ་ཚན་རྗེས་མ།:སྲིད་གཞུང་གི་ལས་དོན་སྙན་ཞུའི་བོད་འགྱུར་པར་མ་རྒྱལ་ཡོངས་སུ་བཀྲམས།
  • དོ་སྣང་ཆེ་བའི་རྩོམ།