ཡེ་ཤེས་ཀྱིས་བསྒྱུར། 2017-04-01
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གཏམ་གསར། ཉེ་ཆར་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་སུའུ་ཅི་ཝུན་གྱིས་ཚོང་དོན་པུའུ་ཡི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསུངས་དོན། 2016ལོར་རྒྱལ་ཡོངས་གྲོང་གསེབ་དྲྭ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར8945.4ཟིན་པས་རྒྱལ་ཡོངས་དྲྭ་རྒྱའི་སིལ་ཚོང་དངུལ་འབོར་གྱི་བརྒྱ་ཆ17.4བཟུང་ཡོད་པ་རེད།
སུའུ་ཅི་ཝུན་གྱིས་ངོ་སྤྲོད་བྱས་དོན། གཞི་གྲངས་དེའི་ནང་ཁག་བགོས་ནས་དངོས་རྫས་རྣམ་པའི་དྲྭ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར5792.4དང་ཞབས་ཞུ་རྣམ་པའི་དྲྭ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར3153ལ་ཟིན་པ་རེད། ལོ་ཧྲིལ་པོར་གྲོང་གསེབ་དྲྭ་རྒྱའི་སིལ་ཚོང་དངུལ་འབོར་དུས་ཚིགས་གོང་མའི་འཕར་ཚད་ཆ་སྙོམས་བྱས་ན་གྲོང་ཁྱེར་ལས་མཐོ་བ་དང་། ཤར་རྒྱུད་ས་ཁུལ་གྱི་གྲོང་གསེབ་ཐོན་ལས་ཀྱི་རྨང་གཞི་ཡག་པོ་དང་དྲྭ་ཐོག་ཚོང་དོན་ཁྱབ་རྒྱ་ཆེ་ཞིང་། དྲྭ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར5660.8ལ་ཟིན་པས་རྒྱལ་ཡོངས་ཀྱི་བརྒྱ་ཆ63.3བཟུང་ཡོད་པ་རེད། དབུས་ནུབ་རྒྱུད་ས་ཁུལ་འཕེལ་རྒྱས་མགྱོགས་པོ་བྱུང་ཞིང་། ཆ་སྙོམས་བྱས་ན་དུས་ཚིགས་རེར་འཕར་ཚད་བརྒྱ་ཆ16.6ལ་ཟིན་པས་ཤར་རྒྱུད་ས་ཁུལ་དང་བསྡུར་ན་བརྒྱ་ཆའི་གཞི་གྲངས3.2མཐོ་བ་རེད། སུའུ་ཅི་ཝུན་གྱིས་གསུངས་དོན། ཚོང་དོན་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་དྲྭ་ཐོག་ཚོང་དོན་གྲོང་སྡེའི་ནང་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད། ད་ལོར་ཚོང་དོན་པུའུ་ཡིས་གྲོང་གསེབ་དཔལ་འབྱོར་ཐད་ཀྱི་དྲྭ་ཐོག་ཚོང་དོན་གྱི་སྐུལ་ཁྲིད་ནུས་པ་མུ་མཐུད་ནས་ཆེ་རུ་གཏང་རྒྱུ་དང་། སྤྱི་པའི་ཞབས་ཕྱིའི་འཇོན་ནུས་ཇེ་དྲག་ཏུ་གཏང་རྒྱུ། ཞིང་ལས་ཐོན་རྫས་དང་། གྲོང་གསེབ་ཀྱི་བཟོ་ལས་ཐོན་རྫས། གྲོང་གསེབ་ཀྱི་ཡུལ་སྐོར་ཞབས་ཕྱི་སོགས་དྲྭ་ཐོག་ཚོང་དོན་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏང་རྒྱུ། དབུལ་སྐྱོར་གནད་སྨིན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་ཞིང་པ་མང་ཚོགས་ལ་ཕན་པ་དེ་བས་མང་བཟོས་རྒྱུ་ཡིན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10