ལིག་ཡུན་ཧྲན་གྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་རྟོག་ཞིབ་མཛད།

    ཞིན་ཧྭ་གསར་འགྱུར་དྲ་བ།    2017-03-24

ལིག་ཡུན་ཧྲན་གྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་རྟོག་ཞིབ་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་རྟོག་ཞིབ་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཁ་ཕྱོགས་དང་གླེང་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་སུ་བཏང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་བསྡུ་བའི་ཐད་གླེང་ཕྱོགས་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན་དགོས་ཟེར།

ལིག་ཡུན་ཧྲན་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་སོང་ནས། འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་ལ་ཉན་པ་དང་། ཚང་མས་ཤུགས་རྐྱེན་ལྡན་པའི་སྨྱན་བྱད་ཐོན་རྫས་སྔར་ལས་མང་པོ་རྩོམ་པར་སྐུལ་འདེད་བཏང་ནས། ཏང་གི་ཚགས་པར་གྱི་བརྒྱུད་སྒྲོག་དགེ་མཚན་དྲ་ཐོག་ཏུ་རྒྱ་བསྐྱེད་དགོས། སྨྱན་བྱད་གསར་བའི་ལྟེ་གནས་སུ། ལིག་ཡུན་ཧྲན་གྱིས་མི་དམངས་ཉིན་རེའི་ཚགས་པར་གྱི་མགྲོན་སྣེ་དང་ཁྲིམས་མིའི་པོད་འཕྲིན། སྐད་འཕྲིན་གྱི་འཁོར་རྒྱུག་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། སྨྱན་བྱད་གསར་བས་སྤྱི་ཚོགས་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཚོགས་ཕན་འབྲས་གོ་གནས་དང་པོར་བཞག་སྟེ། དྲ་ཐོག་གི་གླེང་ཕྱོགས་ལ་སྣེ་ཁྲིད་སྔར་ལས་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན། ལིག་ཡུན་ཧྲན་གྱིས་ད་དུང་ཡུལ་དངོས་ནས་གཞི་རིམ་མང་ཚོགས་བར་ཁ་པར་གྱི་ལམ་ནས་བརྗེ་རེས་བྱས་པ་དང་། མི་དམངས་དྲ་བས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་སྟེགས་བུ་མང་པོ་བཙུགས་ནས། མང་ཚོགས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་རྒྱུའི་རེ་བ་བཏོན།

ལིག་ཡུན་ཧྲན་གྱིས་སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས། ཀྲུང་དབྱང་གི་གསར་འགྱུར་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་བཞུགས་མོལ་མཛད། ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་འཕེལ་ཕྱོགས་ཡིན་པས། ཤུགས་ཡོད་ཀྱི་བྱེད་ཐབས་སྤྱད་དེ་སྨྱན་བྱད་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། གསར་འགྱུར་གླེང་ཕྱོགས་བྱ་བའི་བར་སྟོང་རྒྱ་བསྐྱེད་དགོས། ཁ་ཕྱོགས་ཡང་དག་སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་ཁྱབ་པར་བྱེད་པ་དང་། སྨྱན་བྱད་གཙོ་བོའི་ཁྱད་ཆོས་དང་དཔེ་སྟོན་ནུས་པ་སྲུང་འཛིན་བྱས་ཏེ། གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་དགོས། སྨྱན་བྱད་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་ན། གཙོ་བོ་ནང་དོན་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན་ལ། ཏང་གི་སྲིད་ཇུས་རྒྱུད་སྒྲོག་དང་མི་དམངས་ཀྱི་འདོད་བློ་མཚོན་པར་བྱེད་པ། གསར་འགྱུར་རྒྱུད་སྒྲོག་གི་དབང་ཟིལ་རང་བཞིན་དང་དུས་ཆོད་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། ནང་དོན་གྱི་དགེ་མཚན་ལ་བརྟེན་ནས་འཕེལ་རྒྱས་དགེ་མཚན་འདོན་སྤེལ་བྱེད་དགོས། ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྨྱན་བྱད་ཐད་ཀྱི་རིགས་གསར་བའི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས། མཉམ་འདྲེས་དང་དོ་དམ་ལ་དམ་འཛིན་བྱེད་པ་དང་། དོ་དམ་ལ་བརྟེན་ནས་མཉམ་འདྲེས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་བ་བསུ་བའི་ཐད་ཀྱི་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པ་ནི་ད་ལོའི་གསར་འགྱུར་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་དོན་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་དྲིལ་སྒྲོག་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས་བླངས་པའི་གྲུབ་འབྲས་དྲིལ་སྒྲོག་བྱེད་དགོས། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། ཐུན་མོང་གི་ལྟ་བ་ཕྱོགས་གཅིག་ཏུ་བསྒྲིལ་བ། སྙིང་སྟོབས་ཆེར་བསྐྱེད་དེ། གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

ལིག་ཆི་པའོ་ཡིས་མཉམ་དུ་རྟོག་ཞིབ་བྱས།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ནས་འཕྲིན་བཟང་བྱུང་།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་གྱིས་ཕུལ་བྱུང་དགེ་རྒན700བོད་རིགས་ས་ཁུལ་གྱི་རྫོང32སུ་སློབ་སྐྱོར་བྱེད་པར་འདེམས་གཏོང་བྱས།
  • དོ་སྣང་ཆེ་བའི་རྩོམ།