སི་ཁྲོན་ཞིང་ཆེན་གྱིས་ཕུལ་བྱུང་དགེ་རྒན700བོད་རིགས་ས་ཁུལ་གྱི་རྫོང32སུ་སློབ་སྐྱོར་བྱེད་པར་འདེམས་གཏོང་བྱས།

ཡེ་མགོན་གྱིས་བསྒྱུར།        2017-03-27

      ཉེ་ཆར། 2017ལོའི་སི་ཁྲོན་ཞིང་ཆེན་གྱི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ལག་བསྟར་བྱེད་པའི་བོད་རིགས་ས་ཁུལ་གྱི་མི་སྟོང་གི་སློབ་སྐྱོར་འཆར་གཞི་ཡི་ནང་། སི་ཁྲོན་ཞིང་ཆེན་གྱིས་ཕུལ་བྱུང་དགེ་རྒན700བོད་རིགས་ས་ཁུལ་གྱི་རྫོང32སུ་སློབ་སྐྱོར་བྱེད་པར་འདེམས་གཏོང་བྱ་རྒྱུ་དང་། བོད་རིགས་ས་ཁུལ་གྱི་རྫོང་ཁག་གིས་ཀྱང་དགེ་རྒན300རྒྱ་ནག་ས་ཁུལ་དུ་སློབ་སྦྱོང་བྱེད་སར་མངག་རྒྱུ། རྒྱ་ནག་གི་སློབ་གྲྭ་སྟོང་ཕྲག་ལྷག་ཙམ་གྱིས་ཀྱང་དེ་དང་ཆབས་ཅིག་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་ཡོད་པ་རེད།   

      ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་གཞུང་བཙུགས་མཐོ་རིམ་ལས་རིགས་སློབ་གྲྭ་དང་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་སློབ་མར་ཆ་སྙོམས་ཐོག་ནོར་སྲིད་ནས་དངུལ་སྤྲོད་ཚད་སྒོར12000ལོན་པ་དང་གཞུང་བཙུགས་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མར་ཆ་སྙོམས་ཐོག་ནོར་སྲིད་ནས་དངུལ་སྤྲོད་ཚད་སྒོར6000ལོན་རྒྱུའི་འགན་ལེན་བྱ་རྒྱུ་རེད། སི་ཁྲོན་ཞིང་ཆེན་གྱིས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་ཚད་གཞིར་མ་སླེབས་པའི་གྲོང་ཁྱེར(རང་སྐྱོང་ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)ཁག་ཞིང་ཆེན་ཡོངས་སུ་བརྡ་ཁྱབ་བཏང་ནས་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུ་རེད། དུས་མཚུངས་སུགྲོང་ཚོ་གཅིག་ལ་བུ་བཅོལ་ཁང་གཅིགགི་འཆར་གཞི་དེ་མི་རིགས་རང་སྐྱོང་རྫོང་ཚང་མར་རྒྱ་སྐྱེད་གཏོང་རྒྱུ་དང་། འབྲེལ་ཡོད་སྡེ་ཚན་གྱིས་གྲོང་ཚོ་རེར་ཆ་སྙོམས་ཐོག་ཟུར་ཁྲིད་པ2རེ་བཀོད་སྒྲིག་བྱ་རྒྱུ་དང་མི་རེར་ཟླ་རེར་ཁ་གསབ་རོགས་དངུལ་སྒོར2000རེ་སྤྲོད་རྒྱུ་ཡིན་པ་རེད།

      མང་ཚོགས་དེ་བས་མང་པོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པར་བྱ་ཆེད། སི་ཁྲོན་ཞིང་ཆེན་གྱིས་ད་དུང་ཕྱོགས་ཡོངས་ནས་ཉམས་ཞན་ལེགས་བཅོས་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ལས་གཞི་ལག་བསྟར་མགྱོགས་སུ་གཏང་རྒྱུ་དང་། ཀུན་ཕན་རང་བཞིན་གྱི་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་རྒྱ་སྐྱེད་བཏང་སྟེ་སློབ་གྲྭར་འཛུལ་དཀའ་བ་དང་སློབ་གྲྭའི་སློབ་ཡོན་མཐོ་བའི་གནད་དོན་ཐག་གཅོད་མགྱོགས་པོ་བྱ་རྒྱུ། གྲོང་གསེབ་དགེ་རྒན་གྱི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་སྟེ་རྫོང་གི་ཁྱབ་ཁོངས་ནང་གི་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་གྱི་སྤེལ་རེས་རེས་མོས་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་རྒྱུ། སློབ་གསོའི་དབུལ་སྐྱོར་གནད་སྨིན་གྱི་ཆེད་དོན་འཆར་གཞི་དོན་འཁྱོལ་བྱས་ཏེཁུལ་ཆེན་པོ་བཞིཡི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་ཆུ་ཚད་དེ་སི་ཁྲོན་ཞིང་ཆེན་གྱི་ཆ་སྙོམས་ཆུ་ཚད་དང་འདྲ་མཚུངས་ཡོང་རྒྱུར་སྐུལ་འདེད་གཏང་རྒྱུ་བཅས་རེད།།


  • ལེ་ཚན་སྔོན་མ།:ལིག་ཡུན་ཧྲན་གྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་རྟོག་ཞིབ་མཛད།
  • ལེ་ཚན་རྗེས་མ།:བོད་ལྗོངས་སུ་དབྱར་སྟོན་དུས་ཀྱི་མཁའ་ལམ་གསར་པ་ལྔ་འབྱེད་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།