མཚོ་སྔོན་བོད་སྐད་རླུང་འཕྲིན། 2017-03-22
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཐོན་རྫས་སྤུས་ཚད་བཅའ་ཁྲིམས་ཀྱི་ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གིས་པེ་ཅིན་ནས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཐོན་རྫས་སྤུས་ཚད་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། བཅའ་ཁྲིམས་ལག་བསྟར་ཁྲོད་དུ་གནས་པའི་འབུར་ཐོན་གནད་དོན་ལ་དམིགས་ཏེ། བཅའ་ཁྲིམས་ལག་བསྟར་ལས་ཁུངས་ཀྱིས་ནུས་ལྡན་བྱེད་ཐབས་སྤྱོད་པར་སྐུལ་འདེད་གཏོང་བ་དང་། བཅའ་ཁྲིམས་ཀྱི་འབྲེལ་ཡོད་ལམ་ལུགས་དང་གཏན་འཁེལ་ལག་བསྟར་དང་དངོས་འབེབས་བྱེད་ཆེད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གང་མང་དུ་ཐོན་རྫས་སྤུས་ཚད་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་རེད།
ཐོན་རྫས་སྤུས་ཚད་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པའི་རྨང་གཞིའི་སྟེང་། ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པའི་གནས་ཚུལ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དྲང་བདེན་ཁྲིམས་འཛིན་གནས་ཚུལ། ཁེ་ལས་གཙོ་གཞིའི་འགན་འཁྲི་དངོས་འབེབས་གནས་ཚུལ། ཐོན་རྫས་སྤུས་ཚད་ཀྱི་ཚད་ལྡན་འཛུགས་སྐྲུན་གནས་ཚུལ་སོགས་དང་། དེ་མིན་ཐོན་རྫས་སྤུས་ཚད་བཅས་ཁྲིམས་ལ་བཟོ་བཅོས་འཐུས་ཚང་བྱེད་དགོས་པའི་གནད་དོན་གཙོ་བོ་ལ་ཞིབ་བཤེར་བྱེད་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10