བོད་ལྗོངས་འཕྲིན་དྲ། 2017-03-22
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་བུ་བཅོལ་ཁང་གི་སྐད་གཉིས་སློབ་གསོའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ཐེངས་དང་པོ་དང༌གཉིས་པ་སྤེལ་བའི་ཚུན་དུ། ལྗོངས་ཡོངས་ཀྱི་བུ་བཅོལ་ཁང་གི་སྐད་གཉིས་སློབ་གསོའི་ཐོན་ཁུངས་མགྱོགས་མྱུར་མང་དུ་ཕྱིན་པ་དང༌་བུ་བཅོལ་ཁང་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། བུ་བཅོལ་ཁང་གི་བྱིས་གསོའི་ཆུ་ཚད་རྒྱུན་མཐུད་གོང་མཐོར་ཕྱིན་པ་བཅས་བྱུང་ནས་རང་ལྗོངས་ཀྱི་ལོ་ཚད་ལོན་པའི་བྱིས་པ་བུ་བཅོལ་ཁང་དུ་ཚུད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་ཡོད།
ད་བར། ལྗོངས་ཡོངས་སུ་བུ་བཅོལ་ཁང1028དང༌་། དགེ་རྒན་དང་ལས་བཟོ་པ4736། བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ96777བཅས་ཡོད་པ་དང༌། ལྗོངས་ཡོངས་ཀྱི་བུ་བཅོལ་ཁང་གི་ལོ་གསུམ་སློབ་ཞུགས་ཐུབ་ཚད66.24%ཙམ་ཟིན་ཡོད།
ལོ་ལྔ་ཚན་བཅུ་གསུམ་པའི་རིང༌། བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར20བཏང་ནས་གྲོང་གསེབ་བུ་བཅོལ་ཁང968གསར་བསྐྲུན་བྱེད་རྒྱུ་ཡིན་པ་དང༌། ད་ལོ་རང་ལྗོངས་ཀྱིས་བུ་བཅོལ་ཁང་གི་སྐད་གཉིས་སློབ་གསོའི་བྱ་སྤྱོད་འཆར་གཞི་ཐེངས་གསུམ་པ་སྤེལ་རྒྱུ་ཡིན། རང་སྐྱོང་ལྗོངས་སློབ་གསོ་ཐིང་རྨང་གཞི་སློབ་གསོ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཐང་ཡུང་གིས་ངོ་སྤྲོད་གནང་བར་གཞིགས་ན། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ལོ་བཞིའི་ནང་ཁྱབ་རྒྱ་ཆེ་བ་དང༌གཞི་རྩ་བརྟན་པ། སྤུས་ཀ་ཡོད་པ་བཅས་ཀྱི་བུ་བཅོལ་ཁང་གི་སྐད་གཉིས་སློབ་གསོའི་སྤྱི་པའི་ཞབས་ཞུ་མ་ལག་ཞིག་རྩ་བའི་ཆ་ནས་ཆགས་པ་བྱས་ཏེ། ལྗོངས་ཡོངས་ཀྱི་བུ་བཅོལ་ཁང་གི་ལོ་གསུམ་སློབ་ཞུགས་ཐུབ་ཚད85%ཙམ་ལོན་པ་བྱ་རྩིས་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10