《ཐར་ལོ》གློག་བརྙན《ཀྲུང་གོའི་ན་གཞོན་གློག་བརྙན་ལག་དེབ》ཀྱི་རྩེ་གྲས་བཅུའི་གྲས་སུ་ཚུད་པ།

    མཚོ་སྔོན་པོ་དྲ་བ།    2017-03-22

《ཐར་ལོ》གློག་བརྙན《ཀྲུང་གོའི་ན་གཞོན་གློག་བརྙན་ལག་དེབ》ཀྱི་རྩེ་གྲས་བཅུའི་གྲས་སུ་ཚུད་པ།

ཐར་ལོགློག་བརྙན་གྱི་བརྡ་ཁྱབ།


          ཟླ3པའི་ཚེས19ཉིན་ན་གཞོན་གློག་བརྙན་ལག་དེབ་ཀྱི2016ལོའི་ཀྲུང་གོའི་རྩེ་གྲས་བཅུ་དང་སྐབས་བརྒྱད་པའི་ཀྲུང་གོ་གློག་བརྙན་གསེར་གྱི་ཕྱགས་མའི་བྱ་དགའ་སྟེར་བའི་མཛད་སྒོ་པེ་ཅིང་པོ་ནཱ་ཞིང་ཧུའེ་གློག་བརྙན་ཁང་དུ་བསྡུས། ཤེས་གསལ་ལྟར་ན། ཀྲུང་གོའི་གློག་བརྙན་རྩེ་གྲས་བཅུའི་ནང་དུ་བསྡོམས་པས་གློག་བརྙན་བཅུ་དྲུག་ཚུད་ཡོད་ལ། དེ་ལསཐར་ལོལ་མིང་བཏགས་ལྔ་ཐོབ་ཡོད་ཅིང་། འཁྲབ་སྟོན་པ་ཞི་བདེ་ཉི་མར་ལོ་འཁོར་འཁྲབ་སྟོན་པ་ཕོ་དང་འཁྲབ་སྟོན་པ་གསར་བའི་མིང་བཏགས། གཡང་ཕྱུག་འཚོ་ལ་ཐོག་དངཔོར་ལོ་འཁོར་འཁྲབ་སྟོན་པ་མོའི་མིང་བཏགས། པདྨ་ཚེ་བརྟན་ལཐར་ལོགློག་བརྙན་གྱི་ལོ་འཁོར་འཁྲབ་ཁྲིད་པ་ལས་གཞན་ད་དུངཐར་ལོགློག་བརྙན་གྱི་ལོ་འཁོར་འཁྲབ་གཞུང་རྩོམ་པོའི་མིང་བཅས་གྲས་སུ་ཚུད་འདུག


   

《ཐར་ལོ》གློག་བརྙན《ཀྲུང་གོའི་ན་གཞོན་གློག་བརྙན་ལག་དེབ》ཀྱི་རྩེ་གྲས་བཅུའི་གྲས་སུ་ཚུད་པ།

ཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་འཁྲབ་སྟོན་པ་གཡང་ཕྱུག་འཚོ།           

དཔྱད་འདེམས་པ་དག་གི་ཞིབ་བསྡུར་བརྒྱུད། མཇུག་མཐར་བོད་སྐད་གློག་བརྙནཐར་ལོལ་ཀྲུང་གོའི་གློག་བརྙན་རྩེ་གྲས་བཅུ་ལས་ལོ་འཁོར་གློག་བརྙན་དང་། པདྨ་མ་ཚེ་བརྟན་ལ་ལོ་འཁོར་འཁྲབ་ཁྲིད་པ་དང་གཡང་ཕྱུག་འཚོ་ལ་ལོ་འཁོར་འཁྲབ་སྟོན་པ་མོ་བཅས་མིང་བཏགས་གསུམ་ཐོབ་རྐྱེན་ཐེངས་འདིའི་གློག་བརྙན་བྱ་དགའི་ཡང་རྩེ་བཟུང་འདུག 

  • ལེ་ཚན་སྔོན་མ།:ལི་ཁེ་ཆང་གིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པའི་ནང་དོན་གནད་བསྡུས།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོན་རྫས་སྤུས་ཚད་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་མགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།