ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2015-05-22
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསར་ལྟར་ན། བོད་ཡིག་གློག་རྡུལ་ཐོན་རྫས་སྒྲིག་སྦྱོར་ཐོན་སྐྱེད་བྱེད་གནས་ཐོག་མ་དེ་མཚོ་སྔོན་བློ་བཟང་གྲངས་འཛིན་ཚན་རྩལ་ཚད་ཡོད་ཀུང་ཟི་ནས་འཛུགས་སྐྲུན་བྱས་ཏེ་དངོས་སུ་ཐོན་སྐྱེད་བྱེད་མགོ་བརྩམས།
མཚོ་སྔོན་བློ་བཟང་གྲངས་འཛིན་ཚན་རྩལ་ཚད་ཡོད་ཀུང་ཟི་ནི2012ལོའི་ཟླ་བཞི་བའི་ནང་དུ་བཙུགས་པ་དང་། 2014ལོར་ཁྲི་ཀ་རྫོང་རིག་གནས་གནས་སྐོར་ཐོན་ལས་གསར་སྐྲུན་གླིང་ལ་བསྒྱུར་ཞིང་། དེ་ནི་ཁྲི་ཀ་རྫོང་གི་རྒྱལ་ཁབ་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ཁས་ལེན་ཐོབ་ཡོད་པའི་ཁེ་ལས་གཅིག་པུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐོན་སྐྱེད་བྱེད་གནས་འདི་ནི2014ལོར་འཛུགས་སྐྲུན་བྱས་པ་དང་། དེར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི700བཏང་ལ། m2015ལོའི་ཟླ3པར་དངོས་སུ་ཐོན་སྐྱེད་བྱེད་མགོ་བརྩམས། ཀུང་ཟི་འདིས་བོད་རྒྱ་དབྱིན་གསུམ་གྱི་དཔེ་ཀློག་འཕྲུལ་ཆས་དང་བོད་ཡིག་གི་གཏམ་རྒྱུད་འཕྲུལ་ཆས་སོགས་གྲངས་འཛིན་ཐོན་རྫས་མང་པོ་ལྷུ་སྒྲིག་དང་བརྟག་དཔྱད་བྱེད་ཀྱིན་ཡོད་ལ། ལོ་གཅིག་གི་ནང་ཐོན་རྫས་ཁྲི15000ཐོན་སྐྱེད་བྱེད་ནུས་པས། ས་དེར་མང་ཚོགས་ལ་ལས་གནས100ལྷག་འདོན་སྤྲོད་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10