ཀྲང་ཏི་ཅང་གིས་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱར་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2017-02-24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱར་མཇལ་འཕྲད་གནང་། ཀྲང་ཏི་ཅང་གིས་གསུངས་རྒྱུར། དབྱི་ཐ་ལི་ནི་ཀྲུང་གོའི་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོགས་པོ་བཟང་པོ་དང་མཉམ་ལས་ཀྱི་ཚོང་གྲོགས་གལ་ཆེན་ཡིན། ཉིས་སྟོང་བཞི་ལོ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་བར་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས་རྗེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་བགྲོད་ལམ་དུ་བསྐྱོད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྐུ་ཞབས་ཙུང་ཐུང་ལགས་དང་གྲུབ་འབྲས་ལྡན་པའི་གྲོས་མོལ་མཛད་དེ་ལྟ་ཚུལ་གཅིག་མཐུན་མང་པོ་བྱུང་བ་དེས། ཀྲུང་གོ་དང་དབྱི་ཐ་ལིའི་བར་གྱི་འབྲེལ་བར་སྔར་ལས་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ལེན་ཐུབ་པར་ཡིད་ཆེས་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་འབྲེལ་འདྲིས་བྱེད་པའི་འོས་འགན་གཙོ་བོ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་བྱུང་བའི་མཉམ་ལས་ཀྱི་ལྟ་ཚུལ་ལག་བསྟར་བྱེད་པ་དང་ཁྲིམས་ལུགས་འགན་སྲུང་གི་ཁོར་ཡུག་ལེགས་པོ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། མི་་གཞུང་སོགས་ཁྱབ་ཁོངས་ཀྱི་མཛའ་མཐུན་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་གཏོང་རྒྱུ་དེ་རེད་ཟེར།

མཱ་ཐ་ལེ་ལཱ་ཡིས་བཤད་རྒྱུར། དབྱི་ཐ་ལི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་དུ་ཧུར་ཐག་གིས་ཞུགས་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཝང་ཀྲིན་མཇལ་འཕྲད་ལ་ཞུགས།


  • ལེ་ཚན་སྔོན་མ།:ཝང་ཅན་ཅོན་གྱིས་མགོ་འཛིན་བྱས་ནས2017ལོའི་ཞིང་ཆེན་སྨན་བཅོས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཡོངས་ཀྱི་བོད་རྒྱུད་ནང་བསྟན་དགོན་པའི་རིགས་དབྱེ་དོ་དམ་ཚད་གཞིའི་རིན་འཕར་དང་ཁག་གཉིས་པའི་ཡ་རབས་འཆམ་མཐུན་གྱི་དགོན་སྡེར་གཟེངས་བསྟོད་གནང་པའི་བྱ་བའི་ཚོགས་འདུ་འཚོ
  • དོ་སྣང་ཆེ་བའི་རྩོམ།