ཞིང་ཆེན་ཡོངས་ཀྱི་བོད་རྒྱུད་ནང་བསྟན་དགོན་པའི་རིགས་དབྱེ་དོ་དམ་ཚད་གཞིའི་རིན་འཕར་དང་ཁག་གཉིས་པའི་ཡ་རབས་འཆམ་མཐུན་གྱི་དགོན་སྡེར་གཟེངས་བསྟོད་གནང་པའི་བྱ་བའི་ཚོགས་འདུ་འཚོ

    ཞིན་ཧྭ་དྲ་བ།    2017-02-24

   སྤྱི་ཟླ་2པའི་ཚེས་21ཉིན།   ཞིང་ཆེན་ཡོངས་ཀྱི་བོད་རྒྱུད་ནང་བསྟན་དགོན་པའི་རིགས་དབྱེ་དོ་དམ་ཚད་གཞིའི་རིན་འཕར་དང་ཁག་གཉིས་པའི་ཡ་རབས་འཆམ་མཐུན་གྱི་དགོན་སྡེར་གཟེངས་བསྟོད་གནང་པའི་བྱ་བའི་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།  སི་ཁྲོན་ཞིང་ཆེན་གྱི་རྒྱུན་ཨུ།  འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚུའེ་པའོ་ཧྭ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

        དགོན་པའི་རིགས་དབྱེ་དོ་དམ་གྱི་ཚད་གཞིའི་རིན་འཕར་ལས་དོན་སྤེལ་བ་དང་། ཡ་རབས་དང་འཆམ་མཐུན་གྱི་དགོན་སྡེ་འཛུགས་རྒྱུ་ནི་ཞིང་ཆེན་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེ་རབ་དང་རིམ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་སྐྱོང་བོད་དར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།  སི་ཁྲོན་བོད་ཁུལ་གྱི་ལས་དོན་དངོས་ལ་དམིགས་ནས་ཇུས་གཅོད་དང་བཀོད་སྒྲིག་གལ་ཆེ་གནང་པ་དེ་རེད།   ཐེངས་འདིའི་ཚོགས་འདུ་ནི་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ལམ་ནས་འཚོགས་པ་དང་།  ཞིང་ཆེན་ཡོངས་ཀྱི་དགོན་པའི་རིགས་དབྱེ་དོ་དམ་གྱི་ཚད་གཞིའི་རིན་འཕར་ལས་དོན་ལ་ཕྱོགས་བསྡོམས་དང་བཀོད་སྒྲིག་གནང་།  སི་ཁྲོན་གྱི་བོད་རྒྱུད་ནང་བསྟན་གྱི་ཡ་རབས་དང་འཆམ་མཐུན་གྱི་དགོན་སྡེ་100་དང་སི་ཁྲོན་གྱི་བོད་རྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་1000 དེ་མིན་སི་ཁྲོན་གྱི་ཕུལ་བྱུང་ནང་བསྟན་མཐུན་ཚོགས་15ལ་གཟེངས་བསྟོད་ཐོབ།།  

  


  • ལེ་ཚན་སྔོན་མ།:ཀྲང་ཏི་ཅང་གིས་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཟུང་ཆུ་རྫོང་གིས་མ་དངུལ་སྒོར་ཁྲི་11851བཀོལ་ཏེ་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས།
  • དོ་སྣང་ཆེ་བའི་རྩོམ།