མཚོ་སྔོན་བོད་སྐད་རླུང་འཕྲིན། 2017-02-24
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་སྨན་བཅོས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་གྱིས་མགོ་འཛིན་བྱས་ནས2017ལོའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྨན་བཅོས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀའོ་ཧྭ་གྲོས་ཚོགས་ལ་ཞུགས།
ཝང་ཅན་ཅོན་གྱིས་བསྟན་དོན། སྨན་བཅོས་བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱིས་འགན་ཁུར་བའི་རྒྱལ་ཡིག་རྟགས་ཅན་གྱི་བཅོས་སྒྱུར་ཚོད་ལྟ་ཆེན་པོ་གསུམ་གྲས་ཀྱི་གཅིག་ཡིན་པ་དང་། 2016ལོར་མཚོ་སྔོན་ཞིང་ཆེན་གྱིས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་དམིགས་འབེན་དུ་བྱས་ནས། བཅོས་བསྒྱུར་ལས་འགན་སྣ་ཚོགས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། རིམ་པ་གསུམ་པའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ཁྱོན་ཡོངས་ནས་ཁེབས་པར་བྱས་ལ། རིམ་པ་བགོས་ནས་བརྟག་བཅོས་བྱེད་པའི་ལམ་ལུགས་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་བ་དང་། སྨན་བཅོས་འགན་སྲུང་སྲིད་ཇུས་འཐུས་ཚང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཤིང་། སྨན་རྫས་ཁེ་འཐེན་ཉོ་བསྡུ་བཅོས་སྒྱུར་རྒྱུན་མཐུད་ངང་སྤེལ་པས། སྤྱི་ཕན་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དང་། བརྩོན་སེམས་ཆེར་བསྐྱེད་པ། རྒྱུན་མཐུད་རང་བཞིན་ལ་འགན་སྲུང་བྱེད་པའི་སྨན་བཅོས་འཕྲོད་བསྟེན་འཁོར་སྐྱོད་རྐྱེན་སྲོལ་གསར་བ་ཐོག་མར་གྲུབ་པར་བྱས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་སྨན་རིན་མཐོ་བ་དང་ནད་ལ་ལྟ་དཀའ་བ། སྨན་ཁང་ཐག་རིང་བའི་གནས་བབ་ཐག་བཅད་ལ། ཕྱོགས་བསྡུས་སྨན་བཅོས་ཚོད་ལྟའི་བྱ་བའི་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་བྱས་ཏེ། སྨན་བཅོས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས་ཟེར།
ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། 2017ལོ་ནི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མཁྲེགས་གཏོར་ལོ་ཡིན་པས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལྟར་དུ། བསམ་བློ་སྔར་ལས་བཅིངས་འགྲོལ་བྱེད་པ་དང་། སྔོན་དུ་ཚོད་ལྟ་བྱེད་པ། ལག་བསྟར་དམ་འཛིན་བྱས་ནས། རྨང་གཞི་རང་བཞིན་དང་འབྲེལ་འདྲིས་རང་བཞིན། མཚོན་རྟགས་རང་བཞིན་ལྡན་པའི་བཅོས་སྒྱུར་སྟེང་ནས་གྲུབ་འབྲས་གསར་བ་ལེན་དགོས་ཟེར།
ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཚད་གཞི་མཐོན་པོ་དང་རེ་བ་མཐོན་པོ་རྒྱུན་འཁྱོངས་བྱེད་ན། སྨན་བཅོས་བཅོས་སྒྱུར་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་དགོས། སྨན་བཅོས་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་གིས་དཔྱད་ཞིབ་གདེང་འཇོག་རྐྱེན་སྲོལ་འཛུགས་པ་དང་། ཁོངས་གཏོགས་སྡེ་ཁག་གིས་གཞོགས་འདེགས་དམ་པོ་བྱེད་པ། རིམ་པ་སོ་སོའི་སྲིད་གཞུང་གིས་མགོ་ཁྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། དཔྱད་ཞིབ་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་བཅོས་སྒྱུར་སྲིད་ཇུས་དྲིལ་སྒྲོག་དང་སྣེ་ཁྲིད་བྱེད་པར་ཤུགས་སྣོན་པ། རྒྱུ་སྤུས་མཐོ་བའི་སྒོ་ནས་སྨན་བཅོས་བཅོས་སྒྱུར་ཐད་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། བདེ་ཐང་མཚོ་སྔོན་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།
ཚོགས་ཐོག་ནས2017ལོའི་སྨན་བཅོས་བཅོས་སྒྱུར་གྱི་ལས་འགན་གཙོ་བོའི་བཀོད་སྒྲིག་དང་ཁྱིམ་ཚང་གི་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ་ལག་བསྟར་ཇུས་གཞི། ཞིང་ཆེན་བརྒལ་ཏེ་ས་ཆ་གཞན་པ་ནས་སྨན་བཅོས་བྱེད་པ་དང་སྨན་ཁང་དུ་སྡོད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་བྱ་བའི་ཇུས་གཞི་བཅས་ལ་ཞིབ་འཇུག་བྱས་པ་མ་ཟད་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཐད་ཀྱི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་དང་། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་གི་དངུལ་བསྡུ་ཚད་གཞི་ཇེ་མཐོར་གཏོང་བ། གཞི་རྩའི་སྤྱི་ཐུན་འཕྲོད་བསྟེན་ཁ་གསབ་ཚད་གཞི་དང་གྲོང་སྡེའི་སྨན་པའི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བ་བཅས་བྱས། །
རྩོམ་སྒྲིག་པ
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10