ཁམས་པའི་བརྙན་འཕྲིན་ཁང་གི་ལོ་གསར་དགོང་ཚོགས་ཕབ་བསྐྲུན་ལེགས་འགྲུབ་བྱུང་བ།

    གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན།    2017-02-22

ཁམས་པའི་བརྙན་འཕྲིན་ཁང་གི་ལོ་གསར་དགོང་ཚོགས་ཕབ་བསྐྲུན་ལེགས་འགྲུབ་བྱུང་བ།

      སྤྱི་ཟླ2པའི་ཚེས20ཉིན།  ཁམས་པའི་བརྙན་འཕྲིན་ཁང་གི་བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་ལོ་གསར་དགོང་ཚོགསདགའ་སྐྱིད་ལོ་གསར།ཞེས་པའི་ཕབ་བསྐྲུན་ལས་ཀ་ལེགས་འགྲུབ་བྱུང་། སི་ཁྲོན་གྱི་དཀར་མཛེས་དང་རྔ་བ། བོད་ལྗོངས་ཀྱི་ཆབ་མདོ་དང་ལྷ་ས།  ཡུན་ནན་བདེ་ཆེན།   མཚོ་སྔོན་ཡུལ་ཤུལ་སོགས་ནས་ཐོན་པའི་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་སྒྱུ་རྩལ་པ400ལྷག་གིས་བོད་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གླུ་དང་ཞབས་བྲོ་སོགས་འཁྲབ་སྟོན་བྱས།  དེ་མིན་མིང་གྲགས་ཅན་གྱི་གླུ་པ་ཡ་ཏུང་དང་གླུ་མ་འཇམ་དབྱངས་སྒྲོལ་མ་སོགས་བོད་ཀྱི་གླུ་བ་གླུ་མ་རྣམས་ཀྱིས་སྙན་མོ་ངག་གི་འགྱུར་ཁུག་གིས་ལོ་གསར་ལ་བཀྲ་ཤིས་པའི་སྨོན་འདུན་ཞུས།


ཁམས་པའི་བརྙན་འཕྲིན་ཁང་གི་ལོ་གསར་དགོང་ཚོགས་ཕབ་བསྐྲུན་ལེགས་འགྲུབ་བྱུང་བ།

      དགོང་ཚོགས་འདི་ནི་ཁམས་པའི་བརྙན་འཕྲིན་ཁང་བཙུགས་ནས་བཟུང་སྤེལ་པའི་ལོ་གསར་དགོང་ཚོགས་ཐེངས་བརྒྱད་པ་ཡིན་ཞིང་། སྔོན་མའི་དགོང་ཚོགས་དག་དང་མི་འདྲ་བ་ནི་ཐེངས་འདིའི་དགོང་ཚོགས་སྟེང་གི་གླུ་གར་ཚང་མ་ཁམས་པའི་བརྙན་འཕྲིན་ཁང་གིས་བོད་ཁུལ་ཀྱི་ས་གནས་ཁག་དང་མཉམ་འབྲེལ་བྱས་ཏེ་བདམས་པའི་ཆེས་ཕུལ་བྱུང་གི་དམངས་ཁྲོད་ཀྱི་བྲོ་གར་དག་ཡིན་ཞིང་། གར་སྟེགས་བརྒྱུད་དེ་ཐུན་མོང་མ་ཡིན་པའི་དམངས་ཁྲོད་དང་གླུ་གར་རིག་གནས་རྒྱ་ཆེའི་ལྟད་མོ་བའི་མིག་གི་དགའ་སྟོན་དུ་བསྟར་བ་ལགས། ཤེས་རྟོགས་བྱུང་བ་ལྟར་ན།  ད་ལོའི་དགོང་ཚོགས2017ལོའི་ཟླ2པའི་ཚེས27ཉིན་ཏེ་བོད་མེ་བྱ་ལོའི་ལོ་གསར་ཚེས་གཅིག་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་ཤར་གཏོང་བྱ་རྒྱུ་རེད།


  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་གྱི་བོད་ལུགས་ལོ་གསར་དགོང་ཚོགས་ཀྱི་དགྱེས་སྟོན་ཕབ་སྐྲུན་ལེགས་གྲུབ་བྱུང་བ།
  • ལེ་ཚན་རྗེས་མ།:ཝང་ཅན་ཅོན་གྱིས་མགོ་འཛིན་བྱས་ནས2017ལོའི་ཞིང་ཆེན་སྨན་བཅོས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།