བོད་ཡིག་གི་འཚོལ་བཤེར་མ་ལག་ཐོག་མ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ནས་ལོ་ཕྱེད་སོང་བ།

    མི་དམངས་དྲ་བའི་འཕྲིན།    2017-02-22

      གོ་ལ་ཧྲིལ་པོའི་བོད་ཡིག་འཚོལ་བཤེར་མ་ལགཡོངས་འཛིནགྱི་འགན་ཁུར་བས་ཉེ་ཆར་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། འཚོལ་བཤེར་མ་ལག་དེ2016ལོའི་ཟླ8པར་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་ནས་བཟུང་། མིག་སྔར་སྤྱོད་ཚད་མི་ཐེངས་ཁྲི7500ཟིན་པ་དང་། ཉིན་རེར་ཆ་སྙོམས་འདྲི་རྩད་བྱེད་མཁན་མི་ཐེངས་ཁྲི60ཟིན་ཡོད་ཅེས་བརྗོད་པ་རེད།

         “ཡོངས་འཛིནབོད་ཡིག་འཚོལ་བཤེར་མ་ལག་དེ2013ལོའི་ཟླ4པར་སྐྲུན་འགོ་ཚུགས་ནས་མིག་སྔར་ཀྲུང་གོའི་རྒྱལ་ནང་གི་བོད་ཡིག་དྲ་ཚུགས་ཀྱི་གཅིག་གྱུར་ཞུགས་སྒོ་ཞིག་ཏུ་གྱུར་ཡོད་པ་དང་། དེའི་ནང་གསར་འགྱུར་དང་། དྲ་ངོས། བརྙན་ལམ། རོལ་དབྱངས། པར་རིས་སོགས་འཚོལ་བཤེར་དང་། བོད་ཡིག་གི་ཤེས་བྱ་ཀུན་བཏུས། བོད་ཡིག་གི་རིག་མཛོད། བོད་ཡིག་གི་དྲིས་ལན་སོགས་རིགས་བརྒྱད་ལ་ཕྱེ་ཡོད་པ་དང་། གཉེར་སྐྱོང་ཚོགས་པའི་ནང་བོད་རིགས་ཀྱིས་བསྡུར་གྲངས་བཟུང་ཚད89%ཟིན་ཡོད་པ་རེད།

   ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔརཡོངས་འཛིནའཚོལ་བཤེར་མ་ལག་སྤྱོད་མཁན་ཀྲུང་གོའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31གི་བོད་ཡིག་དྲ་དམངས་ཡོད་པ་ཕུད། ད་དུང་རྒྱ་གར་དང་། ཨ་རི། ཧྥ་རན་སེ། རི་པིན། ནེ་པ་ལ། སུའེ་ཙེར་སོགས་རྒྱལ་ཁབ་དང་ས་ཁུལ་44རུ་ཁྱབ་ཡོད་པ་རེད།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱིས་ཕུལ་བྱུང་ཞོར་ལས་པ་དང་ཕྱིར་ལོག་ལས་གཏོད་ལས་མིའི་སྔོན་ཐོན་མི་སྒེར་དང་ཚོགས་པར་གཟེངས་བསྟོད་གནང་བའི་ཚོགས་ཆེན་འཚོགས།
  • ལེ་ཚན་རྗེས་མ།:"མ་ཡུན་གྱི་གྲོང་གསེབ་དགེ་རྒན་གྱི་བྱ་དགའ"རེ་ཞུ་ཐོ་འགོད་བྱེད་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།