སི་ཁྲོན་ཞིང་ཆེན་གྱིས་ཕུལ་བྱུང་ཞོར་ལས་པ་དང་ཕྱིར་ལོག་ལས་གཏོད་ལས་མིའི་སྔོན་ཐོན་མི་སྒེར་དང་ཚོགས་པར་གཟེངས་བསྟོད་གནང་བའི་ཚོགས་ཆེན་འཚོགས།

        2017-02-22

སི་ཁྲོན་ཞིང་ཆེན་གྱིས་ཕུལ་བྱུང་ཞོར་ལས་པ་དང་ཕྱིར་ལོག་ལས་གཏོད་ལས་མིའི་སྔོན་ཐོན་མི་སྒེར་དང་ཚོགས་པར་གཟེངས་བསྟོད་གནང་བའི་ཚོགས་ཆེན་འཚོགས།

      ཉེ་ཆར། སི་ཁྲོན་ཞིང་ཆེན་གྱིས་ཕུལ་བྱུང་ཞོར་ལས་པ་དང་ཕྱིར་ལོག་ལས་གཏོད་ལས་མིའི་སྔོན་ཐོན་མི་སྒེར་དང་ཚོགས་པར་གཟེངས་བསྟོད་གནང་བའི་ཚོགས་ཆེན་འཚོགས། ཚོགས་ཐོག་ཏུ་ཞིང་ཆེན་གྱི་ཕུལ་བྱུང་ཞོར་ལས་པ་100དང་ཞིང་ཆེན་གྱི་ཕྱིར་ལོག་ལས་གཏོད་འཇོན་མི་100 ཞིང་ཆེན་གྱི་གྲོང་སྡེར་ལོག་ནས་ལས་གཏོད་བྱས་པའི་དཔེ་སྟོན་ཁེ་ལས་50 ཞིང་ཆེན་གྱི་ཞོར་ལས་པའི་སྔོན་ཐོན་ཚོགས་པ་50བཅས་ལ་གཟེངས་བསྟོད་གནང་།

 ཚོགས་འདུའི་སྔོན་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་གཉིས་ཀྱིས་ཞོར་ལས་པ་ཕྱིར་གྲོང་སྡེར་ལོག་ནས་ལས་གཏོད་ལས་དོན་ལ་ཞུགས་པའི་ཐད་ནས་མཛུབ་སྟོན་དང་བླང་བྱ་བཏོན།

      ཝང་ཏུང་མིང་གིས་ཞོར་ལས་པ་ནི་ཐོན་ལས་བཟོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་དེའང་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་བ་ལས་མིའི་ལས་ཀ་ལ་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། ཧུར་ཐག་གིས་ཞོར་ལས་པ་ཕྱིར་གྲོང་སྡེར་ལོག་ནས་ལས་གཏོད་བྱེད་པར་སྣེ་ཁྲིད་དང་འདེགས་སྐྱོར་བྱེད། གོ་རིམ་ལྡན་པའི་སྒོ་ནས་ཞིང་ལས་ཀྱི་སྤོ་བསྒྱུར་མི་འབོར་གྲོང་ཁྱེར་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། དོན་དངོས་ཐོག་ཞོར་ལས་པའི་ངལ་རྩོལ་འགན་ལེན་གྱི་དབང་ཆ་ལ་སྲུང་སྐྱོབ་བྱས་ཏེ། མུ་མཐུད་དུ་ཞིང་བ་ལས་བཟོ་བར་ཞབས་ཞུ་སྒྲུབ་པའི་བྱ་བའི་སྤྱིའི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། སི་ཁྲོན་གྱི་ཞོར་ལས་པ་རྣམས་ཀྱིས་མུ་མཐུད་དུ་འབད་བརྩོན་ལྷོད་མེད་དང་ལས་གནས་ལ་དགའ་བའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཐོག ཧུར་ཐག་གིས་ཕྱིར་གྲོང་སྡེ་དུ་ཕེབས་ནས་ལས་སྐྲུན་བྱས་ནས། ཡུལ་མི་སྤུན་མཆེད་རྣམས་དང་ལྷག་པར་དུ་དབུལ་ཕོངས་མང་ཚོགས་གི་སྣེ་ཁྲིད་ནས་དཀའ་སྤྱད་འབད་འབུངས་བྱས་ཏེ། རང་ཉིད་ཀྱི་བརྩོན་པ་ལ་བརྟེན་ནས་བདེ་སྐྱིད་འཆམ་མཐུན་གྱི་ཁྱིམ་གཞིས་གསར་བ་འཛུགས་སྐྲུན་བྱས་དགོས་པར་མ་ཟད། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འབད་པ་ལྷུར་ལེན་བྱ་དགོས་པའི་བླང་བྱ་བཏོན།

      དབྱི་ལི་ཡིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ཀྱི་སྡེ་ཁག་གིས་བསམ་བློ་དང་བྱ་སྤྱོད་གཉིས་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། ཁྱོན་ཡོངས་ནས་ཞོར་ལས་པའི་ཞབས་ཞུ་སྒྲུབ་པ་དང་ཞོར་ལས་པ་ཕྱིར་གྲོང་སྡེར་ལོག་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་བྱེད་ཐབས་དོན་འཁྱོལ་ཡོང་བར་བྱ་དགོས། ཧུར་ཐག་གིས་ཞོར་ལས་པ་ལས་ཞུགས་བྱེད་པ་བརྟན་པོ་དང་རྒྱ་བསྐྱེད་བྱེད་པ། དོན་དངོས་ཐོག་ངལ་རྩོལ་འགན་ལེན་གྱི་དབང་ཆ་ལ་སྲུང་སྐྱོང་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་ཞོར་ལས་པ་གྲོང་ཁྱེར་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས། སི་ཁྲོན་གྱི་རྒྱ་ཆེའི་ཞིང་བ་ལས་བཟོ་བ་རྣམས་ཀྱིས་འབད་བརྩོན་ལྷོད་མེད་དང་དཀའ་བ་དང་ལེན་བྱས་ནས། དུས་རབས་གསར་པའི་དེང་རབས་ཐོན་ལས་ཀྱི་ཞོར་ལས་པ་དང་ཚད་ལྡན་གྱི་གྲོང་མི་གསར་ན། ཕྱིར་གྲོང་སྡེར་ལོག་ནས་ལས་གཏོད་བྱེད་མཁན་གྱི་སྣེ་ཁྲིད་པ་ཞིག་བྱེད་པར་འབད་པ་བྱས་ཏེ། རང་རེའི་ཞིང་ཆེན་གྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དང་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན།།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱིས་ཕུལ་བྱུང་ཞོར་ལས་པ་དང་ཕྱིར་ལོག་ལས་གཏོད་ལས་མིའི་སྔོན་ཐོན་མི་སྒེར་དང་ཚོགས་པར་གཟེངས་བསྟོད་གནང་བའི་ཚོགས་ཆེན་འཚོགས།
  • ལེ་ཚན་རྗེས་མ།:བོད་ཡིག་གི་འཚོལ་བཤེར་མ་ལག་ཐོག་མ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ནས་ལོ་ཕྱེད་སོང་བ།
  • དོ་སྣང་ཆེ་བའི་རྩོམ།