ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་རྩ་ཆག་གཉིས་དང་ཁ་གསབ་བྱ་རྒྱུ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱ་རྒྱུ།

        2016-12-08

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར།  ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།   ནོར་སྲིད་པུའུ་དང་སློབ་གསོ་པུའུ་གཉིས་ཀྱིས་ཉེ་དུས་མཉམ་དུ་བརྡ་ཐོ་བཏང་སྟེ་བསྟན་དོན།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་མར་སློབ་ཡོན་མི་ལེན་པ་དང་རིན་པ་མི་དགོས་པར་སློབ་དེབ་འདོན་སྤྲོད་བྱེད་པ།   ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ཞག་སྡོད་སློབ་མར་འཚོ་བའི་གྲོན་དངུལ་ཁ་གསབ་བྱ་རྒྱུ་ཡིན་པ་རེད། འདི་ནི་རྩ་ཆག་གཉིས་དང་ཁ་གསབ་བྱ་རྒྱུ་གཅིག་གི་སྲིད་ཇུས་ཤིག་རེད།   ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཁ་གསབ་གྲོན་དངུལ་བཀོད་སྒྲིག་བྱས་པར་བརྒྱུད་ནས་རྒྱབ་སྐྱོར་བྱ་རྒྱུ་རེད།

     བརྡ་ཐོར་གཞིགས་བཟུང་ན་རིན་པ་མི་དགོས་པར་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་སློབ་ཚན་གྱི་སློབ་དེབ་འདོན་སྤྲོད་བྱེད་པ་དང་རིན་པ་མི་དགོས་པར་སློབ་ཆུང་གི་སློབ་རིམ་དང་པོའི་སློབ་མར་སློབ་མའི་ཚིག་མཛོད་འདོན་སྤྲོད་བྱེད་པར་དགོས་པའི་མ་དངུལ་དེ་ཀྲུང་དབྱང་ནོར་སྲིད་ཀྱིས་ཚང་མ་ཡོད་ཚད་སྤྲོད་འགན་ཁུར་རྒྱུ་རེད།    ཞིབ་ཕྲ་ནི་ཞིང་ཆེན་སོ་སོའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭར་ཡོད་པའི་སློབ་མའི་གྲངས་ཀ་དང་།   ཁ་གསབ་བྱེད་པའི་ཚད་གཞི།    སློབ་དེབ་རེས་འཁོར་བེད་སྤྱོད་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ལྟར་ཞིབ་བཤེར་གཏན་འབེབས་བྱ་རྒྱུ།

ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཞག་སྡོད་སློབ་མའི་འཚོ་བར་ཁ་གསབ་བྱ་རྒྱུའི་གྲོན་དངུལ་ནི་ཀྲུང་དབྱང་དང་ས་གནས་ཀྱིས་བསྡུར་ཚད་ལྟར་ཁག་བགོས་ཏེ་འགན་འཁུར་རྒྱུ་རེད།    ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་བྱ་རྒྱུའི་གྲོན་དངུལ་ནི་ཞིབ་ཕྲ་ཞིང་ཆེན་སོ་སོའི་འོས་འགན་སློབ་གསོ་དུས་རིམ་གྱི་ཞག་སྡོད་སློབ་མའི་གྲངས་ཀ་དང་།    ཞག་སྡོད་སློབ་མའི་དབུལ་ཕོངས་ཡིན་ཚད།   ཁ་གསབ་བྱེད་པའི་ཚད་གཞི།   བགོ་བཤའི་རྟགས་གྲངས།  སློབ་དེབ་རེས་འཁོར་བེད་སྤྱོད་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ལྟར་ཞིབ་བཤེར་གཏན་འབེབས་བྱ་རྒྱུ།   ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་སློབ་མར་རིན་པ་མི་དགོས་པར་སློབ་དེབ་དང་ཞག་སྡོད་སློབ་མར་འཚོ་བའི་གྲོན་དངུལ་ཁ་གསབ་བྱ་རྒྱུ་དེ་ནི2017ལོའི་དཔྱིད་དུས་ཀྱི་སློབ་དུས་ནས་འགོ་ཚུགས་རྒྱུ་རེད།

དེ་མིན་ཀྲུང་དབྱང་ནོར་སྲིད་ཀྱིས་ད་རུང་ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭས་དམིགས་བསལ་གྱི་དགེ་རྒན་ལས་རྐང་འཛུགས་པར་རྒྱབ་སྐྱོར་བྱས་ཏེ་དམིསག་བསལ་ལས་རྐང་གི་དགེ་རྒན་ལ་གླ་ཕོགས་རང་བཞིན་གྱི་ཁ་གསབ་བྱ་རྒྱུ་ཡིན་པ་དང་།  དུས་མཚུངས་སུ་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་འཚོ་བཅུད་ལེགས་བཅོས་བྱ་རྒྱུའི་འཆར་གཞི་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱ་རྒྱུ་རེད།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་ཞིང་སྡེའི་འཚོ་བཅུད་ལེགས་བཅོས་བྱེད་པའི་འཆར་གཞིའི་ནང་ཕན་ཐོགས་རག་མཁན་སློབ་མ་ཁྲི3360ལས་བརྒལ།
  • ལེ་ཚན་རྗེས་མ།:ཚད་གཞི་དང་སྤུས་ཚད་མཐོན་པོས་ད་ལོའི་དབུལ་ཕོངས་ཞྭ་མོ་ཕུད་དགོས་པའི་ལས་འགན་འགྲུབ་པར་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།