གངས་སྐྱིད་ཀྱིས་བསྒྱུར། 2016-12-08
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། མིག་སྔར་ཞིང་ཆེན29ཡི་སློབ་གྲྭ13.7གྱིས་འཚོ་བཅུད་ལེགས་བཅོས་བྱེད་པའི་འཆར་གཞི་ལག་ལེན་བསྟར་ནས་ཕན་ཐོགས་རག་པའི་སློབ་མ་ཁྲི3360ལས་བརྒལ་ཡོད་ཅེས་པ་ནི་ཉེ་ཆར་འཚོགས་པའི་སློབ་གསོ་པུའུ་ཡི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་ལྟ་སྐུལ་སློབ་སྟོན་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན། སློབ་གསོ་པུའུ་ཡི་སློབ་སྦྱོང་ལྟ་སྐུལ་སློབ་སྟོན་ཅུས་ཀྱི་ཅུས་ཀྲང་ཧོ་ཞིའུ་ཁྲང་གིས་བཤད་པ་རེད།
2011ལོར་དབུལ་ཕོངས་ས་ཁུལ་དང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མའི་འཚོ་བཅུད་དང་ལུས་པོ་བདེ་ཐང་གི་ཆུ་ཚད་ལེགས་བཅོས་བྱ་ཆེད། སློབ་གསོ་པུའུ་ཡིས་ནོར་སྲིད་པུའུ་སོགས་སྡེ་ཚན15དང་མཉམ་དུ་ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་མའི་འཚོ་བཅུད་ལེགས་བཅོས་བྱ་རྒྱུའི་འཆར་གཞི་ལག་ལེན་བསྟར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2011ལོ་ནས་ད་ལྟའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་བསགས་བྱས་ན་མ་དངུལ་སྒོར་དུང་ཕྱུར1591བཀོད་སྒྲིག་བྱས་ཏེ་འཚོ་བཅུད་ལེགས་བཅོས་བྱ་རྒྱུའི་འཆར་གཞི་ལག་ལེན་བསྟར་ཡོད། དེའི་ནང་འཚོ་བཅུད་བཟའ་བྱའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར862(དེའི་ནང2016ལོར་བཏང་བའི་སྒོར་དུང་ཕྱུར189འདུས་ཡོད)ཅིང་། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ཞག་སྡོད་སློབ་མའི་འཚོ་བའི་ཁ་གསབ་མ་དངུལ (ཁ་གསབ་བྱ་རྒྱུ་གཅིག)སྒོར་དུང་ཕྱུར429 (དེའི་ནང2016ལོར་བཏང་བའི་སྒོར་དུང་ཕྱུར71འདུས་ཡོད) ཟ་ཁང་འཛུགས་སྐྲུན་བྱ་རྒྱུའི་མ་དངུལ་སྒོར་དུང་ཕྱུར300བཅས་འདུས་ཡོད།
ཧོ་ཁྲང་ཞིའུ་ཡིས་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཁབ་རིམ་པའི་ཡུག་འབྲེལ་དབུལ་ཕོངས་ས་ཁུལ་དང་རྫོང699 (དམག་སྒར་དང་ཞིང་ར19འདུས་ཡོད)ཡི་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མར་འཚོ་བཅུད་བཟའ་བཅའི་ཁ་གསབ་འདོན་སྤྲོད་བྱས་ཤིང་ཁ་གསབ་ཚད་གཞི་ནི་སློབ་མ་རེར་ཉིན་རེར་སྒོར་མོ4(ལོ་རེར་མི་རེར་སྒོར800)ཡིན་པ་དང་། དགོས་པའི་མ་དངུལ་ཐམས་ཅད་ཀྲུང་དབྱང་ནོར་སྲིད་ཀྱིས་འགན་ཁུར་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10