ཚད་གཞི་དང་སྤུས་ཚད་མཐོན་པོས་ད་ལོའི་དབུལ་ཕོངས་ཞྭ་མོ་ཕུད་དགོས་པའི་ལས་འགན་འགྲུབ་པར་བྱ་དགོས།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2016-12-08

     ཞིང་ཆེན་དབུལ་ཐར་འགག་སྒྲོལ་གྱི་འགོ་ཁྲིད་ཚོ་ཆུང་གིས་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཤིང་། ཝང་ཏུང་མིང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་དབྱི་ལི། ལིའུ་གོ་ཀྲུང་ཚོགས་འདུར་ཞུགས།

     སྤྱི་ཟླ12པའི་ཚེས2ཉིན། ཞིང་ཆེན་དབུལ་ཐར་འགག་སྒྲོལ་གྱི་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་ལྔ་པ་དེ་ཁྲེང་ཏུའུ་ལ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུའི་གཙོ་འགན་བཞེས་ཤིང་གསུང་བཤད་གནང་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་དཔོན། འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་བཅས་ཡིན་པའི་དབྱི་ལི་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་པ་རེད།

      ཚོགས་ཐོག་ཚོགས་ཞུགས་མི་སྣས་གྲོང་ཁྱེར་དང་རྫོང་ཁག་གི་དབུལ་ཕོངས་ཀྱི་གྲས་ནས་ཕྱིར་འཐེན་དགོས་པའི་དབུལ་པོ་དུད་ཚང་ལ་རྩིས་ལེན་ཞིབ་དཔྱད་གདེང་འཇོག་བྱས་ཚུལ་དང་ཞིང་ཆེན་རིམ་པའི་དབུལ་ཕོངས་ཀྱི་གྲས་ནས་ཕྱིར་འཐེན་དགོས་པའི་དབུལ་པོ་དུད་ཚང་ལ་རྩིས་ལེན་ཞིབ་དཔྱད་བྱས་ཚུལ། ཕྱོགས་གསུམ་པས་གདེང་འཇོག་བྱ་རྒྱུའི་ལས་ཀའི་བཀོད་སྒྲིག་བཅས་ལ་ཉན་འཇོག་བྱས་ཤིང་། ནན་ཁྲུང་དང་ཀོང་ཨན་གྲོང་ཁྱེར། ལིའང་ཧྲན་ཁུལ་བཅས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀར་སྐུལ་འདེད་བཏང་ཚུལ་དང་ཟླ་བ12པའི་ལས་ཀའི་འཆར་གཞིར་ཉན་འཇོག ལས་ཞུགས་དབུལ་སྐྱོར་དང་། དབུལ་སྐྱོར་གྱི་ཕྱོགས་དང་མ་མཐའི་འཚོ་རྟེན་འགན་སྲུང་གི་ཕྱོགས་ཟླ་བསྒྲིལ་གཏོང་བ། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ། དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས་འགན་སྲུང་ཐད་ཀྱི་ལས་ཀ་བཅས་ལ་སྐུལ་འདེད་བཏང་ཚུལ་དང་ཟླ་བ12པའི་ལས་ཀའི་འཆར་གཞི་བཅས་ལ་ཉན་འཇོག རྫོང་རིམ་པའི་སློབ་གསོ་དང་འཕྲོད་བསྟེན། དབུལ་ཕོངས་གྲོང་སྡེའི་ཐོན་ལས་དབུལ་སྐྱོར་བཅས་ཀྱི་ཐེབས་རྩ་དང་། དངུལ་བུན་ཆུང་གྲས་ཀྱི་ཉེན་འབྱེད་ཐེབས་རྩའི་ལས་ཀར་སྐུལ་འདེད་བཏང་ཚུལ་དང་ཟླ་བ12པའི་ལས་ཀའི་འཆར་གཞི་བཅས་ལ་ཉན་འཇོག རང་རེའི་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་རིམ་གྱི་དབུལ་ཐར་འགག་སྒྲོལ་ལས་ཀའི་འཆར་འགོད་སྒྲིག་བཟོ་བྱས་ཚུལ་གྱི་སྙན་ཞུ་བཅས་ལ་ཉན་འཇོག་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། གཅིག་ནི་ནུས་ཤུགས་ཡོད་རྒུས་རྩིས་ལེན་ཞིབ་དཔྱད་གདེང་འཇོག་གི་ལས་ཀ་ཡག་པོ་བསྒྲུབ་དགོས། གཉིས་ནི་དུས་རིམ་སྔོན་མའི་གྲོང་ཁྱེར་དང་རྫོང་ལ་རྩིས་ལེན་ཞིབ་དཔྱད་གདེང་འཇོག་བྱས་ཚུལ་དང་ལྟ་བཤེར་བྱས་ནས་རྙེད་པའི་གནད་དོན་ལ་གཞིགས་ནས་ཕྱོགས་སོ་སོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ལྷག་པར་དུ་གྲོང་ཁྱེར་དང་རྫོང་གི་གཙོ་གཞིའི་ནུས་པ་དང་གཅིག་ཚན་ཅན་ལྔའི་གྲོང་སྡོད་རོགས་སྐྱོར་ནང་སྲོལ་གྱི་ནུས་པ། འབྲེལ་ཡོད་ལས་ཀའི་སྣེ་ཁྲིད་སྡེ་ཚན་གྱི་ནུས་པ་བཅས་འདོན་སྤེལ་བྱས་ཏེ་དག་ཐེར་ལེགས་བཅོས་ནན་ཏིག་བྱ་དགོས། གསུམ་ནི་ཤར་ནུབ་བར་གྱི་དབུལ་སྐྱོར་མཉམ་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་ནང་སྲོལ་གྱི་ནུས་པ་དེ་བས་འདོན་སྤེལ་གང་ལེགས་བྱ་དགོས། བཞི་ནི་དྲིལ་བསྒྲགས་དང་སློབ་གསོ། ཁྲིད་སྟོན་བཅས་བྱེད་ཤུགས་ཇེ་ཆེར་གཏང་དགོས། ལྔ་ནི་དངོས་ཡོད་གནས་ཚུལ་ལ་བརྟེན་ནས་གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་ལས་ཀ་བསྒྲུབ་དགོས། དྲུག་ནི་དོན་གནས་དང་ལུགས་མཐུན་གྱིས་སང་ལོའི་ལས་ཀའི་འཆར་འགོད་ཡག་པོ་བཟོ་དགོས་པ་བཅས་སོ།།

ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་ཚོགས་འདུར་ཞུགས་པ་རེད།། 


  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་རྩ་ཆག་གཉིས་དང་ཁ་གསབ་བྱ་རྒྱུ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱ་རྒྱུ
  • ལེ་ཚན་རྗེས་མ།:ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་ཆ་འཕྲིན་ཅན་གྱི་འཆར་འགོད་ལས་འབད་འཐབ་བྱེད་ཕྱོགས་དྲུག་གཏན་ལ་ཕབ།
  • དོ་སྣང་ཆེ་བའི་རྩོམ།