མི་རིགས་སྙིང་སྟོབས་ཀྱི་དཔལ་འབར་མཐོན་པོར་སྒྲེང་བ་དང་དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་བསྒྲགས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དུས་རབས་རིག་རྩལ་གྱི་མཐོ་ཚད་གསར་པ་གཏོད་དགོས།

        2016-12-06

ཞི་ཅིན་ཕིང་གིས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འགོ་ཚུགས་ཚོགས་འདུའི་ཐོགམི་རིགས་སྙིང་སྟོབས་ཀྱི་དཔལ་འབར་མཐོན་པོར་སྒྲེང་བ་དང་དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་བསྒྲགས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དུས་རབས་རིག་རྩལ་གྱི་མཐོ་ཚད་གསར་པ་གཏོད་དགོས་པའི་ནན་གསུང་གནང་།

ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ11ཚེས30ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ཚེས30ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཆེ་མོར་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཚོགས་འདུར་ཕེབས་པ་རེད།

    ཞི་ཅིན་ཕིང་གིས་རིག་རྩལ་གྱི་ལས་དབང་དེ་རྒྱལ་ཁབ་ཀྱི་ལས་དབང་དང་དམ་པོར་འབྲེལ་ཡོད་ལ་རིག་རྩལ་གྱི་སྲོག་རྩ་དེ་རྒྱལ་ཁབ་ཀྱི་སྲོག་རྩ་དང་དམ་པོར་འབྲེལ་ཡོད། དེར་བརྟེན་རྒྱ་ཆེ་བའི་རིག་རྩལ་ལས་དོན་པས་མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། མི་དམངས་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་མཛད་ཕྱོགས་མཐའ་འཁྱོངས། གསར་གཏོད་རང་བཞིན་གཞན་སྒྱུར་དང་གསར་གཏོད་རང་བཞིན་འཕེལ་རྒྱས་མཐའ་འཁྱོངས་བཅས་བྱས་ནས་མི་རིགས་སྙིང་སྟོབས་ཀྱི་དཔལ་འབར་མཐོན་པོར་སྒྲེང་བ་དང་། དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་སྒྲོག་པ། སྒྱུ་རྩལ་གྱི་ཕུགས་བསམ་ཏང་དང་མི་དམངས་ཀྱི་བྱ་གཞག་ནང་མཉམ་འདྲེས་ཐུབ་པ། བདེན་དོན་བློ་ལ་འཆང་བ། མི་དམངས་བློ་ལ་འཆང་བ། འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ། སྨྱུག་རྩེ་ལས་འཇིག་རྟེན་གྱི་འཚོ་བ་མཚོན་པ་བཅས་ཀྱི་ཐོག་ནས་དུས་རབས་ཀྱི་རེ་འབོད་མཚོན་པ་དང་། མི་དམངས་ཀྱི་འབད་འཐབ་མངོན་པ། མི་རིགས་ཀྱི་སྙིང་སྟོབས་འཕེལ་བ། བླ་ན་མེད་པའི་བསམ་ཚུལ་ལ་ཞུན་བརྡར་ཐེབས་པ་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དུས་རབས་རིག་རྩལ་གྱི་མཐོ་ཚད་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་གསུང་གནང་བ་རེད།

    ཞི་ཅིན་ཕིང་གིས་ཏང་གིས་ཐོག་མཐའ་བར་གསུམ་དུ་རིག་རྩལ་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད། གང་ལགས་ཤེ་ན། རིག་རྩལ་བྱ་གཞག་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གལ་ཆེན་ཞིག་ཡིན་པ་དང་རིག་རྩལ་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གལ་ཆེན་ཞིག་རེད། གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་རྒྱ་ཆེ་བའི་རིག་རྩལ་ལས་དོན་པས་ཏང་གི་འབོད་སྐུལ་དང་ལེན་ཞུས་ནས་མི་དམངས་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་མཐའ་འཁྱོངས་དང་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་མཛད་ཕྱོགས་མཐའ་འཁྱོངས་ཀྱིས་མཐོང་བ་ཀུན་སྨོན་དང་མི་སེམས་སུ་གཏིང་ཟབ་ཟུག་པའི་ཕུལ་བྱུང་བརྩམས་ཆོས་མང་དག་ཅིག་གསར་རྩོམ་བྱས་སྟབས་ཀྲུང་གོའི་སྙིང་སྟོབས་དར་སྤེལ་དང་ཀྲུང་གོའི་སྟོབས་ཤུགས་གཅིག་སྒྲིལ་ཐུབ་ནས་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་འབྱོར་ཕྱུག མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡོང་བར་བྱེད་ཆེད་ཧ་ཅང་གལ་འགངས་ཆེ་བའི་ལེགས་སྐྱེས་ཕུལ་ཡོད་ཅེས་མཛུབ་སྟོན་གནང་བ་རེད། 

    ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱ་ཆེ་བའི་རིག་རྩལ་ལས་དོན་པས་དཀའ་སྤྱད་འབད་བརྩོན་བྱས་པར་བརྒྱུད་རང་རྒྱལ་གྱི་རིག་རྩལ་ལས་རིགས་ལ་ཉམས་འགྱུར་གསར་པ་དང་རྣམ་པ་གསར་པ་ཐོན་ནས་བརྗོད་དོན་གཙོ་བོ་དེ་བས་གསལ་བ་དང་དྲང་ནུས་དེ་བས་ཆེ་རུ་ཕྱིན་ནས་མི་དམངས་ལ་ཕུན་སུམ་ཚོགས་པའི་བསམ་པའི་རྒྱགས་ཕྱེ་མཁོ་འདོན་བྱས་ཡོད་ལ་འཛམ་གླིང་ལ་ཀྲུང་ཧྭ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། རྒྱ་ཆེ་བའི་རིག་རྩལ་ལས་དོན་པས་མེས་རྒྱལ་དང་མི་དམངས་སེམས་ནང་འཆང་བ་དང་། དུས་རབས་ཀྱི་འབོད་སྐུལ་ལ་དང་ལེན་ཞུ་བ། སྒྱུ་རྩལ་གྱི་ཕུགས་བསམ་དོན་གཉེར་བྱེད་པ་བཅས་བྱས་པ་དང་། བློ་གྲོས་དང་འཇོན་ཐང་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ་དང་གསར་གཏོད་བྱེད་ཕོད་པ། ཡིད་ཆེས་བྱེད་ཆོག་པ་དང་བརྟེན་ཆོག་པའི་དཔུང་ཁག་ཅིག་ཡིན་ལུགས་ལག་ལེན་ཐོག་ནས་ར་འཕྲོད་གང་ལེགས་ཐུབ་ཡོད། ཏང་དང་མི་དམངས་ཀྱིས་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ནན་གསུང་གནང་བ་རེད།

    ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པར་དངོས་པོའི་དཔལ་ཡོན་འཕེལ་རྒྱས་ཤུགས་ཆེན་གཏང་དགོས་ལ་བསམ་པའི་དཔལ་ཡོན་ཡང་འཕེལ་རྒྱས་ཤུགས་ཆེན་གཏང་དགོས། ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་རྒྱུན་མཐུད་འཕེལ་རྒྱས་བྱུང་བ་དང་བར་ཆད་འཕྲད་ནའང་འཕེལ་རྒྱས་གསར་པའང་བྱུང་བ་དེ་དག་ཚང་མ་ནི་ཀྲུང་ཧྭ་རིག་གནས་ཀྱི་འདེགས་སྐྱོར་ནུས་ལྡན་དང་ཁ་བྲལ་ཐབས་མེད། ཀྲུང་ཧྭ་རིག་གནས་ཀྱི་ཁྱད་དུ་འཕགས་པའི་འདུ་ཤེས་དང་། བློ་གྲོས། བློ་རྒྱ། ཉམས་འགྱུར་བཅས་ཀྱིས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སེམས་གཏིང་དུ་གདེང་ཚོད་དང་སྤོབས་པ་བསྣན་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་སྔར་ན་མེད་ལ་དེང་ཡང་གཟི་བརྗིད་ཆེ་བའི་རླབས་ཆེན་བྱ་གཞག་ཅིག་ཡིན་པས་གཞོམ་ཞིག་མེད་པའི་རླབས་ཆེན་སྙིང་སྟོབས་དགོས་ལ་མི་སེམས་ལ་སྐུལ་ལྕག་བྱེད་པའི་རླབས་ཆེན་བརྩམས་ཆོས་ཀྱང་དེ་བས་དགོས་ཀྱི་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་རྒྱ་ཆེའི་རིག་རྩལ་ལས་དོན་པར་བླང་བྱ་ཁག་བཞི་བཏོན་གནང་བ་སྟེ།

    གཅིག ཚང་མས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་རིག་རྩལ་ལ་བརྟེན་ཏེ་མི་རིགས་ཀྱི་སྙིང་སྟོབས་འཕེལ་བར་བྱ་རྒྱུའི་རེ་བ་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏང་དགོས། མི་རིགས་ཀྱི་ཁྱད་ཆོས་དང་རང་གཤིས་མངོན་གསལ་དོད་པོ་ལྡན་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱས་ནས་ནང་དོན་ཕུན་སུམ་ཚོགས་པའི་ཀྲུང་ཧྭ་རིག་གནས་ལ་གོ་བ་གཏིང་ཟབ་ལེན་དགོས་ལ་ཚད་མཐོའི་རིག་གནས་ཀྱི་གདེང་ཚོད་དེ་བས་ལྡན་པར་བྱ་དགོས། རྒྱ་ཆེ་བའི་རིག་རྩལ་ལས་དོན་པས་ཀྲུང་ཧྭ་རིག་གནས་ནོར་བུའི་བང་མཛོད་ནང་ནས་སྙིང་བཅུད་ལེན་པ་དང་ནུས་རྒྱུ་བསྡུ་ལེན་བྱས་ནས་རང་ངོས་རིག་གནས་ལ་ཕུགས་བསམ་དང་རིག་གནས་རིན་ཐང་ལ་ཚད་མཐོའི་གདེང་ཚོད་ལྡན་པ་རྒྱུན་འཁྱོངས་བྱེད་པ་དང་རང་ངོས་རིག་གནས་ཀྱི་སྐྱེ་སྟོབས་ནུས་པ་དང་གསར་གཏོད་ནུས་པར་ཚད་མཐོའི་གདེང་ཚོད་ལྡན་པར་བྱས་ནས་རང་ཉིད་ཀྱི་བརྩམས་ཆོས་དེ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་རྒྱུར་སྐུལ་ལྕག་བྱེད་པའི་བསམ་པའི་སྟོབས་ཤུགས་ཤིག་ཏུ་འགྱུར་བ་བྱ་དགོས། དུས་རབས་ཀྱི་བསམ་ཚུལ་ཁོང་དུ་ཆུད་པ་དང་། དུས་རབས་ཀྱི་འགན་འཁྲི་འཁུར་བ། དུས་རབས་ཀྱི་སྐད་སྒྲ་ཉན་པ་བཅས་བྱས་ནས་དུས་རབས་ཀྱི་གནད་དོན་ལ་ལན་འདེབས་ཐུབ་པ་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་རྒྱུ་དེ་གཞི་རྩའི་ལས་འགན་ལ་བརྩིས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་བའི་ཐུན་མོང་མ་ཡིན་པའི་བསམ་བློ་དང་། བརྩེ་སེམས། མཛེས་དཔྱོད་བཅས་སྤྱད་དེ་དུས་རབས་འདིར་དབང་ལ་ཀྲུང་གོའི་ཉམས་འགྱུར་མངོན་གསལ་དོད་པོ་ལྡན་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱ་དགོས། རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་དོན་གཙོ་བོ་དར་སྤེལ་བཏང་ནས་གསོན་ཉམས་ལྡན་པའི་རྩོམ་རིག་གི་སྐད་བརྡ་དང་མི་སེམས་འགུལ་བའི་སྒྱུ་རྩལ་གྱི་གཟུགས་བརྙན་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མེས་རྒྱལ་གྱི་རི་ཆུར་མཛེས་རྒྱན་སྤྲོས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་འཕགས་ཉམས་འགྱུར་མངོན་པར་བྱས་ཏེ་ཀྲུང་གོ་བ་ཚང་མའི་མི་རིགས་ཀྱི་སྤོབས་སེམས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་བསམ་པ་འཕེལ་བ་བྱ་དགོས།

    གཉིས། ཚང་མས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་དགེ་མཚན་ལྡན་པའི་རིག་རྩལ་བརྩམས་ཆོས་ལ་བརྟེན་ནས་མི་དམངས་ལ་བསྟོད་གླུ་འབུལ་རྒྱུའི་རེ་བ་ཡོད། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་དུས་རབས་གྱི་བརྐོ་བཟོ་བ་ཡིན། ཕུལ་བྱུང་རིག་རྩལ་ལས་དོན་པ་ཐམས་ཅད་ཀྱི་སྒྱུ་རྩལ་གྱི་ཚེ་སྲོག་དེ་མི་དམངས་ཁྲོད་ནས་བྱུང་བ་དང་ཕུལ་བྱུང་རིག་རྩལ་གསར་རྩོམ་མཐའ་དག་མི་དམངས་ཀྱི་ཆེད་དུ་ཡིན། རྒྱ་ཆེ་བའི་རིག་རྩལ་ལས་དོན་པས་ཤུགས་ཆེ་བའི་དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་དང་འཆར་ཡན་རིང་ལུགས་ཀྱི་བརྩེ་སེམས་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱི་འཚོ་བ་དང་། ལས་དབང་། བསམ་ཚུལ་བཅས་ལ་ལྟ་རྟོག་བྱེད་པ་དང་མི་དམངས་ཀྱི་བསམ་འདུན་དང་། བརྩེ་སེམས། འབོད་སྒྲ་བཅས་མངོན་པར་བྱས་ཏེ་མི་དམངས་ཁྲོད་དུ་ཡུན་རིང་དར་ཁྱབ་ཐུབ་པའི་བརྩམས་ཆོས་རྩེ་གྲ་གསར་རྩོམ་བྱ་རྒྱུའི་སེམས་ཐག་གཅོད་དགོས། འགན་སེམས་དང་དོན་གཉེར་ལྡན་པའི་རིག་རྩལ་ལས་དོན་པ་ཐམས་ཅད་ཀྱིས་མི་དམངས་ཀྱི་རྗེས་སྙེགས་ནས་རང་ཡུལ་ནས་ཐོན་པ་དང་འཛམ་གླིང་ལ་ཕྱོགས་ཏེ་རང་ཉིད་ཀྱི་སེམས་པ་ནམ་ཡང་མི་དམངས་ཀྱི་སེམས་པ་དང་མཉམ་དུ་གསོན་པོར་གནས་ཐུབ་པ་བྱ་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྡུག་དང་བདེ་སྐྱིད་སེམས་ནང་འཆང་བ་དང་མི་དམངས་ཀྱི་དགའ་སྡང་སྐྱོ་སྤྲོ་རང་ཉིད་ཀྱི་བརྩམས་ཆོས་ནང་མཚོན་པར་བྱས་ཏེ་འབད་འཐབ་ཀྱི་མི་ཚེར་བསྟོད་གླུ་འབུལ་བ་དང་། མི་སྣ་མཛེས་ཤོས་འབྲི་བཞེངས་བྱ་དགོས། འཚོ་བའི་དཔྱད་གཞིར་བརྡར་ཤ་གཅོད་པ་དང་དྲང་ནུས་དར་སྤེལ་བཏང་ནས་རིག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མི་སེམས་སྲོ་བ་དང་། མི་སེམས་ལ་སྐུལ་ལྕག་བྱེད་པ། མིའི་བློ་སྒོ་འབྱེད་པ་བཅས་བྱས་ནས་མི་རྣམས་ཀྱིས་བསམ་བློའི་ངོས་འཛིན་དང་། རིག་གནས་ཀྱི་བྱང་ཚད། མཛེས་དཔྱོད་ཀྱི་ཆུ་ཚད། ཀུན་སྤྱོད་ཀྱི་ཆུ་ཚད་བཅས་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཐོག་མི་རྣམས་ཀྱི་འབད་འབུངས་ཡར་བརྩོན་གྱི་དགའ་སྤྲོའི་བསམ་བློ་དང་ཡར་བརྩོན་གྱི་སྙིང་སྟོབས་ནམ་ཡང་གནས་པ་བྱ་རྒྱུར་སྐུལ་ལྕག་བྱ་དགོས།

    གསུམ། ཚང་མས་གསར་གཏོད་དང་གསར་རྩོམ་བྱེད་ཕོད་པ་བྱས་ཏེ་རྩེར་སོན་གྱི་སྒྱུ་རྩལ་ལ་བརྟེན་ནས་རིག་གནས་གསར་གཏོད་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏང་རྒྱུའི་རེ་བ་ཡོད། ཕུལ་བྱུང་བརྩམས་ཆོས་ཀྱིས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རིག་གནས་གསར་རྩོམ་གསར་གཏོད་བྱེད་ནུས་དང་ཆུ་ཚད་མངོན་གྱི་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པས་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་བརྩིས་ནས་རིག་རྩལ་གསར་གཏོད་དང་རིག་རྩལ་གསར་རྩོམ་གྱི་སྤུས་ཚད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་མི་དམངས་ཀྱི་ཆེད་དུ་རིག་གནས་བརྩམས་ཆོས་རྩེ་གྲ་གསར་རྩོམ་བྱེད་པ་དང་མིའི་རིགས་ཀྱི་ཆེད་དུ་ཉམས་པ་མེད་པའི་བརྩམས་ཆོས་སྐྱེས་སུ་འབུལ་དགོས། ཀྲུང་གོ་མི་དམངས་ཀྱིས་མིའི་རིགས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་སྟངས་དང་འཕེལ་རྒྱས་ཐབས་ལམ་གསར་པ་ལེགས་སྐྱེས་སུ་ཕུལ་ཡོད་པར་མ་ཟད། ད་དུང་རིག་གནས་གསར་རྩོམ་གསར་གཏོད་ཁྲོད་རང་ཉིད་ལ་ཐོབ་པའི་གྲུབ་འབྲས་འཛམ་གླིང་ལ་ལེགས་སྐྱེས་ཕུལ་ཡོད། གསར་རྩོམ་གྱི་སྙིང་སྟོབས་རིག་རྩལ་གསར་རྩོམ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་འབད་འབུངས་ཡར་བརྩོན་གྱིས་བརྩམས་ཆོས་དེ་བས་མི་སེམས་འཕྲོག་པ་དང་མི་སེམས་འགུལ་བ་ཞིག་ཡོང་བ་བྱ་དགོས།

    བཞི། ཚང་མས་སྒྱུ་རྩལ་གྱི་ཕུགས་བསམ་བརྟན་སྲུང་བྱས་ཏེ་བླ་ན་མེད་པའི་རིག་རྩལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་ལ་སྣེ་ཁྲིད་བྱ་རྒྱུའི་རེ་བ་ཡོད། རིག་རྩལ་ནི་བླ་སྲོག་བཟོ་སྐྲུན་གྱི་འདུ་འགོད་ཅིག་ཡིན་པས་རིག་གནས་ལ་བརྟེན་ནས་མི་སེམས་འགུལ་བ་དང་རིག་གནས་ལ་བརྟེན་ནས་མིར་སློབ་གསོ་གཏོང་བའི་འགན་འཁྲི་ཁུར་ཡོད་སྟབས་ཐུན་མོང་མ་ཡིན་པའི་བློ་སྒོ་འབྱེད་པ་དང་ཕུལ་བྱུང་གི་སྒྱུ་རྩལ་བརྩམས་ཆོས་ལ་བརྟེན་ནས་མིའི་བློ་སྒོ་ཕྱེ་སྟེ་དགེ་ཕྱོགས་ཡར་ཐོན་གྱི་རིན་ཐང་ལྟ་བ་བརྒྱུད་སྤྲོད་བྱ་དགོས། རྒྱ་ཆེ་བའི་རིག་རྩལ་ལས་དོན་པས་བདེན་ལེགས་མཛེས་གསུམ་དོན་གཉེར་མཁན་དང་བརྒྱུད་བསྒྲགས་མཁན་ཞིག་བྱས་ནས་བླ་ན་མེད་པའི་རིན་ཐང་དང་ཧ་ཅང་ཟབ་པའི་བརྩེ་སེམས་རང་ཉིད་ཀྱི་བརྩམས་ཆོས་ནང་མངོན་པར་བྱས་ཏེ་མི་རྣམས་ཀྱིས་བླ་ན་མེད་པའི་ཀུན་སྤྱོད་ལ་ཕྱོགས་རྒྱུར་ཁྲིད་སྟོན་བྱ་དགོས། རིག་རྩལ་གྱིས་མི་སེམས་མཚོན་པ་བྱེད་པར་གསར་རྩོམ་མཁན་གྱིས་དང་ཐོག་རང་ཉིད་ཀྱི་གཟུགས་བརྙན་ལེགས་པར་གཏོད་དགོས། རྒྱ་ཆེ་བའི་རིག་རྩལ་ལས་དོན་པས་ཀུན་སྤྱོད་དང་སྒྱུ་རྩལ་གོང་དུ་བཀུར་རྒྱུ་དེ་མི་ཚེ་ཧྲིལ་པོའི་བྱ་བ་ཞིག་ཏུ་བརྩིས་ནས་ནུས་པ་དང་ཡོན་ཏན་ངོ་མ་དང་། སྤྱོད་ལམ་བཟང་པོ། སྤུས་ཚད་མཐོ་བ་བཅས་དོན་གཉེར་ཧུར་ཐག་བྱས་ནས་སྤྱོད་རྩལ་གཉིས་ལྡན་ཞིག་ཡོང་བ་བྱས་ཏེ་སྔོན་ཐོན་རིག་གནས་ཀྱི་ལག་ལེན་པ་དང་སྤྱི་ཚོགས་གོམས་སྲོལ་གྱི་སྣེ་ཁྲིད་པ་ཞིག་ཏུ་འགྱུར་བ་བྱས་ཐོག་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་ཀུན་སྤྱོད་གཏོད་པ་དང་གསར་རྩོམ་བྱེད་པའི་བརྒྱུད་རིམ་ནང་རང་ཉིད་ལ་གྲུབ་འབྲས་ཐོབ་པ་དང་རིན་ཐང་མངོན་འགྱུར་ཡོང་བར་བྱ་དགོས།།


  • ལེ་ཚན་སྔོན་མ།:ཀྲེ་ཅང་ཞིང་ཆེན་པགས་ནད་ཞིབ་འཇུག་ཁང་དང་རང་ཁུལ་གྱི་པགས་ནད་འགོག་བཅོས་ཁང་གཉིས་ཀྱིས་ཁ་གཏད་མཉམ་ལས་ཀྱི་གྲོས་མཐུན་བཞག
  • ལེ་ཚན་རྗེས་མ།:བཟའ་བཅའི་བདེ་འཇགས་ཀྱི་རྒྱལ་ཁབ་ཚད་གཞི་ཁག300གཏན་འབེབས་དང་བཟོ་ བཅོས་རྒྱག་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།