ཀུན་དགས་བསྒྱུར། 2016-12-05
ཉེ་ཆར། ཀྲེ་ཅང་ཞིང་ཆེན་པགས་ནད་སྔོན་འགོག་ཞིབ་འཇུག་ཁང་དང་རང་ཁུལ་གྱི་པགས་ནད་འགོག་བཅོས་ཁང་གཉིས་ཀྱིས་ཁ་གཏད་མཉམ་ལས་ཀྱི་གྲོས་མཐུན་མིང་འགོད་མཛད་སྒོ་དེ་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན་གྱི་ཚོགས་ཁང་དུ་གཟབ་རྒྱས་ངང་ནས་འཚོགས་པ་རེད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་པིའོ་མིང་འགོད་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་བ་དང་། ཁུལ་སྲིད ་གཞུང་གི་ཁུལ་དཔོན་གཞོན་པ་སུའུ་ཧའེ་ཅུན་མཛད་སྒོར་ཞུགས་པ་རེད། ཧོ་པིའོ་ཡིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་བྱས་ནས་ཀྲེ་ཅང་ཞིང་ཆེན་པགས་ནད་འགོག་བཅོས་ཞིབ་འཇུག་ཁང་གི་སོའོ་ཀྲང་ཡའོ་ཆང་གིས་སྣེ་ཁྲིད་བྱས་པའི་ཆེད་ལས་ཚོ་ཆུང་རང་ཁུལ་དུ་མཛེ་ནད་འགོག་བཅོས་ལས་ཀར་སློབ་སྟོན་དུ་ཡོང་བར་ཐུགས་རྗེ་ཆེ་ཞུ་བ་དང་། ཁོང་གིས་བསྟན་དོན། ཀྲེ་ཅང་ཞིང་ཆེན་པགས་ནད་འགོག་བཅོས་ཞིབ་འཇུག་ཁང་གིས་རང་ཁུལ་ལ་རིགས་མཐུན་རོགས་སྐྱོར་བྱེད་པ་ནི་ཏག་ཏག་སྐབས19པའི་རྒྱལ་སྤྱིའི་མཛེ་ནད་ཚོགས་ཆེན་ཏེ་མཇུག་སྒྲིལ་ཁྱབ་སྤེལ་དང་དབང་སྐྱོན་སྔོན་འགོག མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་ཞེས་པའི་བརྗོད་དོན་ལག་ལེན་བསྟར་བ་ཡིན་ཞིང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན་རིམས་འགོག་ཚོད་འཛིན་ཅུས་དང་ཀྲེ་ཅང་ཞིང་ཆེན་པགས་ནད་ཞིབ་འཇུག་ཁང་གི་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་ནས་རང་ཁུལ་གྱི་མཛེ་ནད་སྔོན་འགོག་ལས་ཀར་ཡིད་ཆེས་དང་སྟོབས་ཤུགས་བསྣན་པ་རེད།ཁོང་གིས་བསྟན་དོན། དུས་ཡུན་རིང་པོའི་ནང་བོད་ཁུལ་མི་དམངས་ལ་མཚོན་ན་མཛེ་ནད་ནི་མི་གྲལ་ནས་འབུད་པའི་གདོན་ནད་ལྟ་བུར་བརྩིས་ཀྱིན་ཡོད་པ་རེད། ནད་དེས་རང་ཁུལ་གི་མི་རིགས་ཁག་གི་མི་དམངས་ཀྱི་ལུས་པོ་བདེ་ཐང་ལ་གནོད་འཚེ་ཆེན་པོ་བཟོས་པ་དང་ནད་པའི་འཚོ་བར་གང་མི་ཚད་པའི་དཀའ་སྡུག་མྱོང་དུ་བཅུག་པ་རེད། ཀྲུང་གོ་གསར་པ་བཙུགས་པ་ནས་བཟུང་། མི་རབས་འགའི་སྨན་བཅོས་ལས་སྒྲུབ་པ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་འོག་མཛེ་ནད་སོགས་འགོས་ནད་རབ་དང་རིམ་པར་འགོག་བཅོས་ནུས་ལྡན་བྱེད་ཐུབ་པ་དང་། རང་ཁུལ་གྱི་མཛེ་ནད་འགོག་བཅོས་ལས་ཀར་རྒྱལ་ཁ་ཐོབ་ལ་ཁད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་ཅིང་། མཛེ་ནད་མེད་པའི་འཛམ་གླིང་གསར་པ་ཞིག་བསྐྲུན་དགོས་ཞེས་པའི་མཐར་ཐུག་གི་དམིགས་ཡུལ་དང་ཐག་ཇེ་ཉེ་ལ་འགྲོ་བཞིན་ཡོད་པས་ང་ཚོས་སྔར་ལྷག་གི་ཆོད་སེམས་བཅངས་ཤིང་ཧུར་བརྩོན་བྱ་དགོས། ཀྲེ་ཅང་ཞིང་ཆེན་པགས་ནད་ཞིབ་འཇུག་ཁང་ནི་རང་ཁུལ་ལ་རིགས་མཐུན་རོགས་སྐྱོར་བྱེད་མཁན་ཡིན་པས་ངེས་པར་དུ་རང་ཁུལ་མཛེ་ནད་འགོག་བཅོས་ཐད་སྐུལ་འདེད་ནུས་པ་ཧ་ཅང་གལ་ཆེན་ཐོན་ཡོད་པ་རེད།
ཧའོ་པིའོ་ཡིས་བསྟན་དོན། ཁུལ་པགས་ནད་སྔོན་འགོག་ཁང་གིས་གོ་སྐབས་དམ་འཛིན་གྱིས་རྒྱབ་སྐྱོར་སྒུལ་ཤུགས་སུ་བསྒྱུར་ཏེ་ཀྲེ་ཅང་ཞིང་ཆེན་པགས་ནད་ཞིབ་འཇུག་ཁང་གི་ཆེད་ལས་སྟོབས་ཤུགས་ལ་བརྟེན་ནས་ཀྲེ་ཅང་ཞིང་ཆེན་པགས་ནད་ཞིབ་འཇུག་ཁང་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་ཤུགས་བརྒྱག་དགོས་པས་མ་ཚད་ཕན་ཚུན་སྤེལ་རེས་དང་ཕྱོགས་གཉིས་ཀའི་བརྩེ་དུང་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས། ཡུན་རིང་མཉམ་ལས་དང་འབྲེལ་བ་དམ་ཟབ་བཙུགས་ནས་ཚན་རིག་གི་དགེ་ཚན་དང་ཆེད་ལས་ཀྱི་དགེ་མཚན། ལས་ཀའི་ཉམས་མྱོང་བཅས་བེད་སྤྱོད་གང་ལེགས་བྱ་དགོས། རྒྱུན་ཆད་མེད་པ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རང་ཁུལ་གྱི་པགས་ནད་སྔོན་འགོག་ལས་སྒྲུབ་མི་སྣའི་ཆེད་ལས་ཆུ་ཚད་མཐོ་རུ་གཏང་དགོས། མཛེ་ནད་སོགས་འགོས་ནད་སྔོན་འགོག་ལས་ཀའི་མ་འཇོག་བྱེད་ཤུགས་དང་འགན་སྲུང་བྱེད་ཐབས་ཇེ་ཆེར་བཏང་ནས་ནད་པར་བྱམས་སྐྱོང་དང་ཚན་མཐུན་འགོག་བཅོས་བྱས་ནས་རྒྱ་ཆེ་བའི་ནད་པར་སྟབས་བདེ་མཁོ་སྤྲོད་དང་སྤུས་ལེགས་ཞབས་ཞུ་བྱ་དགོས། མཛེ་ནད་འགོག་བཅོས་བྱ་གཞག་ཐོག་འཕེལ་རྒྱས་གསར་པ་དང་ཚད་བརྒལ་མངོན་འགྱུར་ཡོང་བར་བྱས་ཏེ་རང་ཁུལ་གྱི་སྔར་ཙམ་ནས་མཛེ་ནད་མེད་པར་བཏང་བར་བརྩོན་ལེན་བྱ་དགོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10