བོད་སྐྱོར་ལས་གཞི202ཀྱི་གན་རྒྱ་བཞག་ནས་སྔོན་ཚོད་བྱས་ན་མ་དངུལ་སྒོར་དུང་ཕྱུར215བཏང་སྟེ་བོད་ལྗོངས་དབུལ་ཐར་འགག་སྒྲོལ་བྱེད་རོགས་བྱ་རྒྱུ་རེད།

ཡེ་ཤེས་ཀྱིས་བསྒྱུར།        2019-06-24

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ6པའི་ཚེས17ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་བོད་ལྗོངས་ཀྱི་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལས་ཀ་ལས་ཡུལ་དངོས་སུ་སྐུལ་འདེད་གཏོང་བ་དང་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བའི་ཚོགས་འདུ་བོད་ལྗོངས་ཉིང་ཁྲིར་འཚོགས་པ་རེད། བོད་སྐྱོར་ལས་གཞི202ལས་ཡུལ་དངོས་སུ་གན་རྒྱ་འཇོག་པའི་མཛད་སྒོ་སྤེལ་ནས་སྔོན་ཚོད་བྱས་ན་མ་དངུལ་སྒོར་དུང་ཕྱུར215གཏང་རྒྱུ་རེད། གན་རྒྱ་འཇོག་པའི་ལས་གཞི་གྲངས་ཀ་དང་མ་དངུལ་གྱི་གཞི་ཁྱོན་ཚང་མ་ཆེས་ཆེར་འཕར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་ལས་གཞིར་གན་རྒྱ་འཇོག་ཕྱོགས་དེ་ཁ་གཏད་བོད་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར17དང་། ཁ་གཏད་བོད་སྐྱོར་བྱེད་མཁན་གྱི་ཀྲུང་དབྱང་ཁེ་ལས16དང་དམིགས་གསལ་གདན་ཞུ་བྱེད་པའི་ཁེ་ལས་མང་པོ་དང་འབྲེལ་བ་ཡོད་ཅིང་། ལས་གཞི་དེ་ནི་ཐོན་ལས་དང་སློབ་གསོ། སྨན་བཅོས། གཞན་སྒྱུར་ལས་ཞུགས། འཛད་སྤྱོད་དབུལ་སྐྱོར་དང་ཚན་རྩལ་དབུལ་སྐྱོར་སོགས་སུ་ཁྱབ་པ་རེད། དེའི་ནང་འཛད་སྤྱོད་དབུལ་སྐྱོར་དང་གཞན་སྒྱུར་ལས་ཞུགས་བཅས་ཀྱི་ལས་གཞི་ཚང་མ་ད་ལོ་གསར་དུ་བསྣན་པའི་ལས་རིགས་ཡིན་པ་དང་། སྔོན་ཚོད་བྱས་ན་གན་རྒྱ་བཞག་པའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར45ཡིན་ཡོད་པས་མི་སྣ8000ལྷག་ཙམ་ལས་ཞུགས་བཀོད་སྒྲིག་བྱ་རྩིས་ཡོད་པ་རེད།

དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་བོད་ལྗོངས་ཀྱི་དབུལ་པོའི་མི་གྲངས་ཁྲི59ནས་ཁྲི15ཡི་ཐོག་ཉུང་དུ་ཕྱིན་པ་དང་། རྫོང་དབུལ་པོ74ནས19ཡི་ཐོག་ཉུང་དུ་ཕྱིན་ནས། དབུལ་ཞྭ་ཕུད་པའི་བསྡོམས་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་རེད། དབུལ་པོར་འགྱུར་ཚད་བརྒྱ25.2ནས་བརྒྱ་ཆ5.6གི་ཐོག་མར་ཆག་ཡོད། ད་ལོར་བོད་རང་སྐྱོང་ལྗོངས་ཀྱིས་ལོ་འཁོར་འདིའི་ནང་དབུལ་པོ་དབུལ་རྐྱང་མེད་པ་བཟོ་རྒྱུ་དང་། མི་འབོར་དབུལ་པོ་ཁྲི15དབུལ་ཐར་ཡོང་བ་དང་རྫོང་དབུལ་པོ19དབུལ་ཐར་ཡོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཏོན་པ་རེད། ། 


  • ལེ་ཚན་སྔོན་མ།:ད་ལོར་སི་ཁྲོན་ཞིང་ཆེན་གྱིས་ཆུ་མཛོད360ལྷག་འཛུགས་སྐྲུན་དང་སྲ་བརྟན་བྱས་ནས་ས་ཁུལ་དབུལ་པོ་དབུལ་ཐར་བྱ་རོགས་བྱེད།
  • ལེ་ཚན་རྗེས་མ།:བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཚོ་བོད་མཐོ་སྒང་གི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།