ད་ལོར་སི་ཁྲོན་ཞིང་ཆེན་གྱིས་ཆུ་མཛོད360ལྷག་འཛུགས་སྐྲུན་དང་སྲ་བརྟན་བྱས་ནས་ས་ཁུལ་དབུལ་པོ་དབུལ་ཐར་བྱ་རོགས་བྱེད།

གངས་སྐྱིད་ཀྱིས་བསྒྱུར།        2019-06-24

ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་སྤྱི་ཟླ6པའི་ཚེས15ཉིན་འབྱོར་བའི་གཏམ་གསར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཆུ་བེད་ཀྱི་ཞན་ཆ་མགྱོགས་མྱུར་དུ་ཁ་གསབ་བྱས་ནས་དབུལ་ཐར་འགག་སྒྲོལ་ལ་ཆུ་བེད་ཀྱི་འགན་སྲུང་བྱ་ཆེད། 2019ལོར་སི་ཁྲོན་གྱིས་ཆུ་མཛོད360ལྷག་ཙམ་འཛུགས་སྐྲུན་དང་སྲ་བརྟན་བྱ་རྒྱུ་རེད།

གསར་འགོད་པས་སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་གྱི་འབྲུབ་འགོག་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་དང་རྐང་འཛིན་གྱི་ཆུའི་ཐོན་ཁུངས་ཀྱི་ལས་གྲྭ་ཆེ་འབྲིང་ཡིན་པའི་ངོས་ཡིན་ཕྱིར། ད་ལོར་ལུང་ཐང་ཆུ་མཛོད་དང་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ། དེ་བཞིན་དུ་ཅང་ཅ་ཁོའུ་ཆུ་མཛོད་ཀྱི་ཆུ་བེད་ལས་གྲྭ་ཆེ་གྲས་གཉིས་སྐྲུན་འགོ་འཛུགས་རྒྱུ་རེད། གཞན་ཡང་ད་ལོར་སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་གིས་ཉེན་ཡོད་ཆུ་མཛོད་ཆུང་གྲས348ཉེན་སེལ་སྲ་བརྟན་བྱ་རྒྱུ་ཡིན་པར་མ་ཟད། ཧུང་ཡུས་ཏུང་དང་། ཧོང་ཧྲི་ཕན། ཐུའུ་ཤིས་ཁོའུ་ཆུ་མཛོད་སོགས་ཆུ་མཛོད་ཆེ་འབྲིང12ཀྱི་འཛུགས་སྐྲུན་ལས་གྲྭ་མུ་མཐུད་ནས་ལག་བསྟར་བྱས་ཏེ་ཆུ་ལོག་དང་ཐན་སྐྱོན་སྔོན་འགོག་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དབུལ་པོའི་ཆུ་སྤྱོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:གཞིས་རྩེས་དམངས་ཁྲོད་ཞབས་བྲོའི་སྒྱུ་རྩལ་གསར་རྩོམ་གྱི་འགྲན་བསྡུར་སྤེལ་བ།
  • ལེ་ཚན་རྗེས་མ།:བོད་སྐྱོར་ལས་གཞི202ཀྱི་གན་རྒྱ་བཞག་ནས་སྔོན་ཚོད་བྱས་ན་མ་དངུལ་སྒོར་དུང་ཕྱུར215བཏང་སྟེ་བོད་ལྗོངས་དབུལ་ཐར་འགག་སྒྲོལ་བྱེད་རོགས་བྱ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།