ཡེ་ཤེས་ཀྱིས་བསྒྱུར། 2019-06-04
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ5ཚེས14ཉིན་འབྱོར་བའི་གཏམ་གསར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དམངས་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་། རྒྱལ་ཁབ་སྨན་བཅོས་ཉེན་སྐྱོབ་ཅུས་བཅས་ལ་མཉམ་འབྲེལ་བྱས་ཏེ་ཉིན་ཤས་གོང་ཞིང་སྡེའི་མི་གྲངས་དབུལ་པོར་ནད་ཆེན་པོ་ཕོག་པའི་ཆེད་དོན་སྐྱོབ་བཅོས་བྱ་རྒྱུའི་ལས་ཀར་བཀོད་སྒྲིག་གསར་པ་བྱས་ཤིང་། སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ནད་རིགས25བར་རྒྱ་སྐྱེད་གཏང་རྒྱུའི་གྲོས་གཞི་བཏོན་པ་རེད།
གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་དོན། 2019ལོར་ཞིང་སྡེའི་མི་གྲངས་དབུལ་པོར་ནད་ཆེན་པོ་ཕོག་པའི་ཆེད་དོན་སྐྱོབ་བཅོས་བྱ་རྒྱུའི་ནད་རིགས25ཡི་ནང་དུ་བྱིས་པའི་ལྷན་སྐྱེས་སྙིང་ནད་དང་། བྱིས་པའི་ཁྲག་སྐྲུན། ཕོ་བའི་འབྲས་སྐྲན། མིད་པའི་འབྲས་སྐྲན། རྒྱུ་དཀར་འབྲས་སྐྲན། རྒྱུ་ལོང་འབྲས་སྐྲན། མཁལ་གཅོང་། གློ་སྐྲན། མཆིན་སྐྲན། ནུ་མའི་འབྲས་སྐྲན། མངལ་སྐྲན། སྙིང་རྩ་འགག་པ། བར་འགྲིབ། གློ་བའི་ཁྲག་དབལ་ནད། དབང་རྩའི་ཕྲ་ཕུང་སྐྲན། བྱིས་པའི་རྨེན་བུའི་སྐྲན། ཤ་སྐྲན། ཁྲག་ཐོན་སླ་བའི་ནད། ས་དབུས་རྒྱ་མཚོའི་ཁྲག་དབལ། མཆུ་ཤོར། གཅིན་ལམ་འགགས་ནད། ཁྲག་མང་གཅོང་ནད། ཀླད་པའི་གཅོང་ནད། དལ་གཤིས་ཅན་གྱི་གློ་ནད། ཨ་ཙེ་འགོས་ནད་ཀྱི་སྐབས་བསྟུན་འགོས་ནད། དེའི་ནང་གི་ནད་རིགས་ཕྱི་མ་བཞི་ནི་ད་ལོར་གསར་དུ་བསྣན་པའི་རིགས་རེད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཞིང་སྡེའི་མི་གྲངས་དབུལ་པོར་ནད་ཆེད་པོ་ཕོག་པའི་ཆེད་དོན་སྐྱོབ་བཅོས་བྱེད་པའི་ལས་དོན་སྤེལ་ནས་ལོ་གཉིས་རིང་། སྐྱོབ་བཅོས་བྱ་རྒྱུའི་ནད་རིགས་དེ་ཐོག་མའི་རིགས9ནས་ད་ལྟའི་རིགས25ལ་རིམ་བཞིན་མང་དུ་ཕྱིན་ནས་ཕན་འབྲས་བཟང་པོ་ཐོན་ཏེ་ཞིང་སྡེའི་མི་གྲངས་དབུལ་པོའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་བཏང་བ་དང་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་ཁ་ཐོག་པར་ནུས་ཤུགས་བཏོན་ཡོད་ཅེས་བཤད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10