རྒྱལ་ཡོངས་ཀྱི་དུད་ཚང་དབུལ་པོ་ཁྲི1420ལ་དབུལ་སྐྱོར་ཡིད་རྟོན་དངུལ་བུན་ཆུང་གྲས་རག་ཡོད།

ཡེ་ཤེས་ཀྱིས་བསྒྱུར།        2019-06-04

   ཞིན་ཧྭ་གསར་འགྱུར་ཁང་ཁྲང་ཧྲ་ནས་ཟླ5པའི་ཚེས24ཉིན་འབྱོར་བའི་གཏམ་གསར། ད་ལོའི་ཟླ4པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་དབུལ་སྐྱོར་གྲངས་ཉུང་ཡིད་རྟོན་དངུལ་བུན་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར5622བཏང་བ་དང་དངུལ་བུན་སྒོར་དུང་ཕྱུར3074འཇལ་ཡོད། དུད་ཚང་དབུལ་པོར་དངུལ་བུན་ཐོབ་ཚད་ནི2014ལོའི་བརྒྱ་ཆ2ནས2018ལོའི་བརྒྱ་ཆ46ལ་མཐོ་རུ་ཕྱིན་ཡོད་ཅིང་། རྒྱལ་ཡོངས་ཀྱི་དུད་ཚང་དབུལ་པོ་ཁྲི1420ཡིས་སྲིད་ཇུས་དེ་ལོངས་སུ་སྤྱོད་ཐུབ་ཡོད།

   དབུལ་སྐྱོར་གྲངས་ཉུང་ཡིད་རྟོན་དངུལ་བུན་ནི་ཡིག་ཚགས་བྱང་བུ་བཀོལ་པའི་དུད་ཚང་དབུལ་པོར་འཕེལ་རྒྱས་ཀྱི་མ་དངུལ་རག་ཕྱིར། ཆེད་དུ་བཟོས་པའི་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་ལས་གཞི་ཞིག་ཡིན་པ་དང་། གཙོ་བོ་ནི་དུད་ཚང་དབུལ་པོར་སྒོར་ཁྲི5མན་དང་། དུས་ཚོད་ལོ3ནང་ཚུན། འགན་ལེན་བྱ་མི་དགོས་པ་དང་གཏའ་མ་འཇོག་མི་དགོས་པ། རྨང་གཞིའི་སྐྱེད་ཚད་ལ་བརྟེན་ནས་དངུལ་བུན་གཏོང་བའི་ནོར་སྲིད་ཀྱི་སྐྱེད་དངུལ་ཁ་གསབ་བྱེད་པ་དང་རྫོང་རིམ་པས་ཉེན་ཁའི་གསབ་དངུལ་ནང་སྲོལ་བཙུགས་པའི་ཡིད་རྟོན་དངུལ་བུན་ཞིག་རེད། 


  • ལེ་ཚན་སྔོན་མ།:ད་ལོར་ཁྱོན་ཡོངས་ནས་གཅིག་གྱུར་གྱི་གྲོང་ཡུལ་གཞིས་མིའི་སྨན་བཅོས་ཉེན་སྐྱོབ་ལམ་ལུགས་བསྐྲུན་རྒྱུ།
  • ལེ་ཚན་རྗེས་མ།:ཞིང་སྡེའི་དབུལ་པོར་ནད་ཆེན་པོ་ཕོག་པའི་ཆེད་དོན་སྐྱོབ་བཅོས་བྱེད་པའི་ནད་རིགས25ལ་ཟིན།
  • དོ་སྣང་ཆེ་བའི་རྩོམ།