གངས་སྐྱིད་ཀྱིས་བསྒྱུར། 2019-05-30
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གཏམ་གསར། རྒྱལ་ཁབ་སྨན་བཅོས་ཉེན་སྐྱོབ་ཅུས་ཀྱིས་ནོར་སྲིད་པུའུ་དང་མཉམ་དུ་ཉེ་ཆར《2019ལོའི་གྲོང་ཡུལ་གཞིས་མིའི་གཞི་རྩའི་སྨན་བཅོས་ཉེན་སྐྱོབ་ལས་ཀ་ཡག་པོ་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས་ཏེ་ཁྱོན་ཡོངས་ནས་གྲོང་ཡུལ་གཞིས་མིའི་སྨན་བཅོས་ཉེན་སྐྱོབ་ལམ་ལུགས་བསྐྲུན་དགོས་པའི་བླང་བྱ་བཏོན་པ་དང་། 2019ལོའི་ལོ་མཇུག་ཏུ་ལམ་ལུགས་ཁག་གཉིས་མཉམ་བུར་འཁོར་སྐྱོད་བྱེད་པ་དང་གཅིག་གྱུར་གྱི་ཡུལ་མིའི་སྨན་བཅོས་ཉེན་སྐྱོབ་ལམ་ལུགས་སུ་སླེབས་པ་བྱ་དགོས་པ་རེད།
མིག་སྔར། རང་རྒྱལ་གྱི་་ཞིང་ཆེན24ཡིས་གྲོང་ཡུལ་གཞིས་མིའི་སྨན་བཅོས་ཉེན་སྐྱོབ་ལམ་ལུགས་ཕྱོགས་བསྡུས་ལེགས་སྒྲིག་བྱེད་པའི་ལས་ཀ་ལེགས་འགྲུབ་བྱས་ཡོད་ལ། དེ་མིན་གྱི་ཞིང་ཆེན7གྱིས་གྲོང་རྡལ་གཞིས་མིའི་སྨན་བཅོས་ཉེན་སྐྱོབ་དང་ཞིང་སྡེའི་མཉམ་ལས་སྨན་བཅོས་གསར་པའི་སྲིད་ཇུས་གཉིས་ད་རུང་མཉམ་བུ་འཁོར་སྐྱོད་བྱེད་བཞིན་པ་ཡོད།
བརྡ་ཐོའི་ཐོག་ལམ་ལུགས་གཅིག་འགྱུར་བྱེད་རིམ་གྲོང་ཡུལ་གཞིས་མིའི་སྨན་བཅོས་ཉེན་སྐྱོབ་ཁྱབ་ཁོངས་སྲ་བརྟན་དུ་གཏང་དགོས་ཤིང་། སྨན་བཅོས་ཉེན་སྐྱོབ་ནང་ཞུགས་ཚད་ད་ཡོད་ཀྱི་ཆུ་ཚད་ལས་མི་དམའ་བར་ཁག་ཐེག་ནན་པོ་བྱ་དགོས། སྨན་བཅོས་ཉེན་སྐྱོབ་ནང་ཞུགས་པའི་མི་གྲངས་རྒྱུན་མཐུད་དེ་བརྟན་བརླིང་བྱས་ཏེ་ཉེན་སྐྱོབ་བྱ་དགོས་ས་ཐམས་ཅད་ལ་ཉེན་སྐྱོབ་བྱད་དགོས་པ། བྱིས་པ་དམར་འབྱར་དང་། བྱིས་པ། སློབ་མ། ཞིང་པའི་གླ་པ་སོགས་སྨན་བཅོས་ཉེན་སྐྱོབ་ནང་ཞུགས་པར་ཐོ་འགོད་དང་གྲོན་དངུལ་འཇལ་བའི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་སྨན་བཅོས་ཉེན་སྐྱོབ་ནང་ཡང་བསྐྱར་ཞུགས་པའི་གནས་ཚུལ་མེད་པ་བཟོ་དགོས། དེ་མིན་གྱི་སྨན་བཅོས་ཉེན་སྐྱོབ་ལམ་ལུགས་ཀྱིས་བཀོད་སྒྲིག་བྱེད་པའི་གྲོང་ཡུལ་གཞིས་མི་རྣམས་སྨན་བཅོས་ཉེན་སྐྱོབ་ཁྱབ་ཁོངས་སུ་འཇུག་རྒྱུ་མེད། དམིགས་བསལ་གྱི་གནད་དོན་དང་དམིགས་བསལ་གྱི་སྲིད་ཇུས་ཐག་གཅོད་ཡག་པོ་བྱ་དགོས་ཞེས་བྱང་བྱ་བཏོན་པ་རེད།
བརྡ་ཐོའི་ཐོག་ས་གནས་ཁག་གིས་སྨན་བཅོས་ཉེན་སྐྱོབ་ཀྱི་ཁྱབ་ཁོངས་དང་། མ་དངུལ་བསྡུ་རུབ་བྱ་རྒྱུའི་སྲིད་ཇུས། ཉེན་སྐྱོབ་ཀྱི་ཐོབ་ཐང་། སྨན་བཅོས་ཉེན་སྐྱོབ་ཀྱི་དཀར་ཆག གཏན་འཁེལ་དོ་དམ། དངུལ་རྩའི་དོ་དམ་བཅས་དྲུག་གཅིག་གྱུར་ཡོང་བར་ཁག་ཐེག་ནན་པོ་བྱས་པའི་རྨང་གཞིའི་ཐོག་སྔར་ལས་ལྷག་པར་བདག་གཉེར་ཞབས་འདེགས་དང་ཆ་འཕྲིན་མ་ལག་གཅིག་གྱུར་ཡོང་བ་བྱས་ཏེ་འཁོར་སྐྱོད་ཀྱི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏང་དགོས་ཞེས་བླང་བྱ་བཏོན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10