2019-05-30
ཞིན་ཧྭ་གསར་འགྱུར་ཁང་ཀེ་རི་སེའི་སེ་ས་ལོ་ཉི་ཅི་ནས་ཟླ་བ5པའི་ཚེས12ཉིན་འབྱོར་བའི་གཏམ་གསར། ཚེས11ཉིན། ཀེ་རི་སེའི་སེ་ས་ལོ་ཉི་ཅི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས16པའི་ཀྲུང་གོའི་སྐད་ཡིག་གི་དཔེ་དེབ་འོས་སྦྱོར་གྱི་བྱེད་སྒོ་སྤེལ་བ་དང་། འགྲེམས་སྟོན་བྱས་པའི་ཀྲུང་གོའི་དཔེ་དེབ་ཁག་ལ་ཡུལ་དེའི་ཀློག་པ་པོས་དོ་ཁུར་བྱས་ཡོད། ཀྲུང་གོའི་དཔེ་དེབ་ཕྱིར་གཏོང་ནང་འདྲེན(ཚོགས་པ)སྤྱི་ཁྱབ་སྤྱི་གཉེར་ཁང་གིས་སྐབས་དེའི་དཔེ་དེབ་འགྲེམས་སྟོན་ལ་ཀྲུང་གོའི་སྐད་ཡིག་གི་དཔེ་དེབ་རིགས་བརྒྱ་འདེམས་སྒྲུག་ཞིབ་ཚགས་བྱས་ཡོད། ཀྲུང་གོའི་འགྲེམས་སྟེགས་སུ་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཉམས་མྱོང་ངོ་སྤྲོད་ཀྱི་དཔེ་དེབ་རབ་དང་རིམ་པ་དང་། དེ་བཞིན་བྱིས་པའི་ཀློག་དེབ་དང་། ཀྲུང་གོའི་རྩོམ་རིག རྒྱ་ཡིག་སློབ་སྦྱོང་སོགས་ཀྱི་དཔེ་དེབ་འགྲེམས་སྟོན་བྱས་ཡོད། སྤྱི་གཉེར་ཁང་གི་འབྲེལ་ཡོད་འགན་འཁུར་བས2010ལོ་ནས་བཟུང་ཀྲུང་གོས་ཀེ་རི་སེར་དཔེ་དེབ་འོས་སྦྱོར་གྱི་བྱེད་སྒོ་མང་དུ་བཏང་བ་དང་། ཀྲུང་གོའི་དཔེ་དེབ་འགྲེམས་སྟོན་ལ་བཏོན་པ་དེས་ཡུལ་དེའི་དམངས་ཚོགས་ལ་དེང་རབས་ཀྱི་ཀྲུང་གོའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་། ཀྲུང་ཧྭ་རིག་གནས་ཤེས་ཚོར་བྱེད་པར་སྐར་ཁུང་ཞིག་བཏོད་ཡོད་ཅེས་བརྗོད། འགྲེམས་སྟོན་ལ་ཞུགས་མཁན་ཅང་ཤིས་དཔེ་སྐྲུན་ཚོགས་པས་ཀྲུང་གོའི་སྐད་ཡིག་གི་ཆེད་དོན་དཔེ་དེབ་ཐད་ཀེ་རི་སེའི་དཔེ་སྐྲུན་ཁང་དང་འབྲེལ་ཡོད་ཀྱི་ལས་ཚབ་གྲོས་མཐུན་བཞག་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10