ཡེ་ཤེས་ཀྱིས་བསྒྱུར། 2019-05-30
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཉེ་ཆར་འབྱོར་བའི་གཏམ་གསར། ཉེ་ཆར་སློབ་གསོ་པུས་ཁྱབ་བསྒྲགས་བྱས་པའི2018ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་གྲོན་དངུལ་བསྡོམས་རྩིས་མྱུར་འཕྲིན་ལས་མངོན་པར་གཞིགས་ན། 2018ལོར་རྒྱལ་ཡོངས་ཀྱི་སློབ་གསོའི་གྲོན་དངུལ་བསྡོམས་འབོར་སྒོར་དུང་ཕྱུར46135ལ་ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆ8.39འཕར་ཡོད་པ་རེད།
དེའི་ནང་རྒྱལ་ཁབ་ཀྱི་ནོར་སྲིད་ནས་བཏང་བའི་སློབ་གསོའི་གྲོན་དངུལ་སྒོར་དུང་ཕྱུར36990ལ་ཟིན་ནས་ལོ་གོང་མ་ལས་བརྒྱ་ཆ8.13འཕར་ཡོད། སློབ་གསོའི་གྲོན་དངུལ་དེ་སློབ་སྔོན་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ། མཐོ་རིམ་སློབ་གསོ་དང་། དེ་བཞིན་སློབ་གསོ་གཞན་དག་བར་གྱི་བགོ་བཤའི་བསྡུར་ཚད་དེ་ཁག་འབྱེད་དེ་བརྒྱ་ཆ7.96དང་། བརྒྱ་ཆ45.21 བརྒྱ་ཆ15.57 བརྒྱ་ཆ26.04 བརྒྱ་ཆ5.22བཅས་ལ་ཟིན་ཡོད་པ་རེད།
བསྡོམས་རྩིས་མྱུར་འཕྲིན་གཞིར་དམིགས་ན། 2018ལོའི་རྒྱལ་ཡོངས་ཀྱི་བྱིས་སློབ་ཁང་དང་། སློབ་ཆུང་དཀྱུས་མ། དམའ་རིམ་སློབ་འབྲིང་དཀྱུས་མ། འབྲིང་རིམ་སློབ་འབྲིང་དཀྱུས་མ། འབྲིང་རིམ་ལས་རིགས་སློབ་གྲྭ། མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ་བཅས་ཀྱི་ཆ་སྙོམས་སློབ་གསོའི་འགྲོ་གྲོན་ཚང་མ་ལོ་གོང་མ་ལས་འཕར་ཡོད་པ་དང་འཕར་ཚད་ནི་ཁག་འབྱེད་དེ་བརྒྱ་ཆ8.93དང་། བརྒྱ་ཆ4.56 བརྒྱ་ཆ5.32 བརྒྱ་ཆ10.04 བརྒྱ་ཆ7.45 བརྒྱ་ཆ8.42བཅས་ཡིན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10