ཡེ་ཤེས་ཀྱིས་བསྒྱུར། 2019-05-30
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ5པའི་ཚེས10ཉིན་འབྱོར་བའི་གཏམ་གསར། ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ཀྲུང་དབྱང་ནོར་སྲིད་ཀྱིས2019ལོར་མཐོ་སློབ་དཀྱུས་མའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏང་རྒྱུའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར54.2བཏང་ཡོད་པ་དེ་ལོ་གོང་མ་ལས་བརྒྱ་ཆ9.5འཕར་བ་དང་། དབུས་ནུབ་ས་ཁུལ་གྱིས་མཐོ་རིམ་སློབ་འབྲིང་དཀྱུས་མའི་སྒྱུར་བཀོད་འཆར་གཞིར་མུ་མཐུད་དུ་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཡུག་གཅིག་ཏུ་འབྲེལ་བའི་དམིགས་བསལ་དཀའ་ངལ་ཡོད་པ་སོགས་དབུལ་ཕོངས་ས་ཁུལ་གྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་པར་གཙོ་གནད་དུ་རྒྱབ་སྐྱོར་བྱ་རྒྱུ་རེད།
ནོར་སྲིད་པུའུ་ཚན་རིག་ཁང་གི་འབྲེལ་ཡོད་མི་སྣས2019ལོར་མ་དངུལ་བགོ་བཤའ་བརྒྱབ་ནས་ཤིན་ཏུ་དབུལ་བའི་རྫོང་གི་གྲངས་ཀ་མང་དུ་བཏང་སྟེ་ཤིན་ཏུ་དབུལ་བའི་ས་ཁུལ་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་མཚུངས་སུ་ཞིང་ཆེན་རིམ་པའི་སློབ་གསོ་དང་ནོར་སྲིད་སྡེ་ཚན་ཁག་གིས་ཞིང་ཆེན་རིམ་པའི་སྤྱི་འདོམས་ནུས་པ་འདོན་སྤེལ་ཏན་ཏིག་གཏང་དགོས་པ་དང་། འགྲོ་གྲོན་གཏོང་བའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ། མཐོ་རིམ་སློབ་འབྲིང་གི་སློབ་གསོ་ཁྱབ་གདལ་དང་འགག་སྒྲོལ་མགྱོགས་སུ་གཏོང་བ། ལྷག་པར་དུ“ས་ཁུལ་གསུམ་དང་ཁུལ་གསུམ”དང་ས་ཆ་གཞན་དག་གི་མི་འབོར་དབུལ་པོ་མང་བ་དང་། དབུལ་ཕོངས་ཀྱི་ཚད་གཞི་ཟབ་པ། དབུལ་སྒྲོལ་གྱི་དཀའ་ཚད་ཆེ་བ་བཅས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་ཁ་ཕྱོགས་དགོས་པ་བཅས་རེད་ཅེས་བཤད།
གཞི་གྲངས་ལས་མངོན་པ་ལྟར་ན། 2011ལོར་མཐོ་རིམ་སློབ་འབྲིང་དཀྱུས་མའི་སྒྱུར་བཀོད་འཆར་གཞི་ལག་བསྟར་བྱས་ཚུན་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར317.7བཀོད་སྒྲིག་བྱས་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10