2019ལོའི་བོད་བརྒྱུད་ནང་བསྟན་གྱི་སྐབས་བཅོ་ལྔ་པའི་རྡོ་རམས་པའི་མཐོ་རིམ་ཤེས་ཡོན་མཚན་གནས་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་སྤེལ།

ཡེ་ཤེས་ཀྱིས་བསྒྱུར།        2019-06-04

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ5པའི་ཚེས21ཉིན་འབྱོར་བའི་གཏམ་གསར། ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། 2019ལོའི་བོད་བརྒྱུད་ནང་བསྟན་གྱི་སྐབས་བཅོ་ལྔ་པའི་རྡོ་རམས་པའི་མཐོ་རིམ་ཤེས་ཡོན་མཚན་གནས་སྤྲོད་པ་དང་སྐབས་ལྔ་པའི་དབུ་མཛད་ཐོབ་ཐང་ཞིབ་དཔྱད་གཏན་འཁེལ་གྱི་བྱེད་སྒོ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སྤེལ་བ་རེད།

   བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པ་དང་། ཇོ་ནང་པ། བཀའ་བརྒྱུད་པ་བཅས་ནས་ཡོང་བའི་རེ་ཞུ་བ40ལ་མཚན་གནས་འོས་ཐོབ་ཞིབ་བཤེར་དང་། ཆོས་རྩོད་རྒྱུགས་སྤྲད། དཔྱད་རྩོམ་བགྲོ་གླེང་བཅས་བྱས་པར་བརྒྱུད་དེ་བོད་བརྒྱུད་ནང་བསྟན་གྱི་རྡོ་རམས་པའི་མཚན་གནས་ཐོབ་པ། ས་སྐྱ་པ་དང་བཀའ་བརྒྱུད་པའི་རེ་ཞུ་བ8ལ་དབུ་མཛད་ཀྱི་འོས་ཐོབ་ཞིབ་བཤེར་དང་ཆོས་རྩོད་རྒྱུགས་སྤྲད་བྱས་པར་བརྒྱུད་དེ་མཐོ་རིམ་ནང་བསྟན་སློབ་གླིང་གི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་དབུ་མཛད་ཀྱི་ཐོབ་ཐང་ལག་ཁྱེར་ཐོབ་པ་རེད།

   ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བ་བྱེད་སྒོ་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་བོད་སྐད་ཡིག་ཚན་ཁག་གི་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མས་རྡོ་རམས་པའི་མཚན་གནས་ཐོབ་མཁན་དང་དབུ་མཛད་ཀྱི་འོས་ཐོབ་ཐོབ་མཁན་ལ་ལག་ཁྱེར་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་རྡོ་རམས་པའི་མཐོ་རིམ་མཚན་གནས་ཐོབ་མཁན208ཡོད་པ་དང་། མཐོ་རིམ་ནང་བསྟན་སློབ་གླིང་གི་དབུ་མཛད་ཀྱི་འོས་ཐོབ་ཐོབ་མཁན་དགེ་རྒན100ཡོད་ཅིང་། དེ་ཚོ་ནི་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་འཕེལ་རྒྱས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད་པ་རེད།

ཚེས21ཉིན་གྱི་སྔ་དྲོར། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་རྡོ་རམས་པའི་མཐོ་རིམ་མཚན་གནས་ཐོབ་མཁན་དང་དབུ་མཛད་ཀྱི་འོས་ཐོབ་ཐོབ་མཁན་རྣམས་ལ་མཇལ་འཕྲད་གནང་བ་རེད།


  • ལེ་ཚན་སྔོན་མ།:ཞིང་སྡེའི་དབུལ་པོར་ནད་ཆེན་པོ་ཕོག་པའི་ཆེད་དོན་སྐྱོབ་བཅོས་བྱེད་པའི་ནད་རིགས25ལ་ཟིན།
  • ལེ་ཚན་རྗེས་མ།:ལོ10ཡི་ནང་ཀྲུང་གོའི་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་གཅེས་སེམས་འབོག་སྒྲིག་གི་ལས་གཞི་སྤེལ་ནས་སློབ་ཆུང་སློབ་མ་ཁྲི600ལ་ཕན་པ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།