མཚོ་སྔོན་བོད་སྐད་རླུང་འཕྲིན། 2019-04-04
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམངས་སྲིད་བྱ་བར་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། དམངས་སྲིད་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། རྙིང་དོར་གསར་འཛུགས་དང་མཁྲེགས་གཏོར་ཁྱད་སེལ་བྱས་ནས་ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཁྱོན་ཡོངས་ལ་ཞབས་ཕྱི་བཟང་བོ་བསྒྲུབས།
ཞི་ཅིན་ཕིང་གིས་གསུངས་རྒྱུར། དམངས་སྲིད་བྱ་བ་དེ་དམངས་ཚིས་ལ་འབྲེལ་བ་ཡོད་པ་དང་དམངས་སེམས་དང་དམ་དུ་སྦྲེལ་ཡོད་ལ། དེ་ནི་སྤྱི་ཚོགས་འཛུགས་སྐྲུན་གྱི་མས་སྐྱོར་རང་བཞིན་དང་རྨང་གཞི་རང་བཞིན་གྱི་བྱ་བ་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་དམངས་སྲིད་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་ཞིང་གཞི་རིམ་དམངས་སྲིད་ཞབས་ཕྱིའི་ནུས་པ་ཇེ་ཆེར་བཏང་ནས། དམངས་སྲིད་ལས་དོན་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་དམངས་སྲིད་ལས་ཁུངས་ཀྱིས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གཅིག་བསྡུས་བྱེད་པ་དང་དམིགས་བསལ་ཚོགས་ཁག་གཅིག་བསྡུས་བྱེད་པ། མང་ཚོགས་ཀྱིས་དོ་སྣང་བྱེད་པ་གཅིག་བསྡུས་བྱེད་དགོས་པར་མ་ཟད། སྔར་ལས་བཟང་བོའི་སྒོ་ནས་གཞི་རྩའི་དམངས་ཚིས་འགན་སྲུང་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཞབས་ཕྱི་སོགས་འགན་འཁྲི་ལག་བསྟར་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10