རང་རྒྱལ་གྱིས་རབས་གཉིས་པའི་གྲངས་གཞིའི་བར་མཐུད་སྲུང་སྐར་མ་ལག་གི་སྲུང་སྐར་ཐོག་མ་བདེ་བླག་ངང་འཕེན་གཏོང་བྱས་པ།

    མི་དམངས་དྲ་བ།    2019-04-04

༄༅།།རང་རྒྱལ་གྱིས་རབས་གཉིས་པའི་གྲངས་གཞིའི་བར་མཐུད་སྲུང་སྐར་མ་ལག་གི་
སྲུང་སྐར་ཐོག་མ་བདེ་བླག་ངང་འཕེན་གཏོང་བྱས་པ།

         ཟླ3ཚེས31ཉིན་གྱི་ཆུ་ཚོད23དང་སྐར་མ51གི་ཐོག་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་ཐེན་ལེན་ཨང་གཉིས་པའི་སྲུང་སྐར01བར་སྣང་དུ་འཕེན་གཏོང་བྱས་པ་དང་སྦྲགས་སྲུང་སྐར་སའི་གོ་ལའི་མཉམ་བགྲོད་འཁོར་ལམ་དུ་བདེ་བླག་ངང་འབྱོར་ཡོད་པ་རེད།
     ཐེན་ལེན་ཨང་གཉིས་པའི་སྲུང་སྐར་01ནི་རང་རྒྱལ་གྱི་རབས་གཉིས་པའི་གྲངས་གཞིའི་བར་མཐུད་སྲུང་སྐར་མ་ལག་གི་སྲུང་སྐར་ཐོག་མ་དེ་ཡིན་པ་དང་། དེས་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་དང་། སྲུང་སྐར། སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་དེ་བཞིན་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་མིན་པའི་སྤྱོད་མཁན་བཅས་ལ་གྲངས་གཞིའི་བར་མཐུད་དང་། ཚད་ལེན་ཚོད་འཛིན། བརྒྱུད་སྐྱེལ་སོགས་ཀྱི་ཞབས་འདེགས་ཞུ་རྒྱུ་རེད།     
     ཤེས་རྟོགས་བྱུང་བར་གཞིགས་ན། ལས་འགན་འཆར་འགོད་དང་། མ་ལག་དོ་དམ། ལས་སྒོ་འཁོར་སྐྱོད་བཅས་ཀྱི་ཐད་ཐེན་ལེན་ཨང་དང་པོའི་བར་མཐུད་སྲུང་སྐར་མ་ལག་དང་བསྡུར་ན་ཐེན་ལེན་ཨང་གཉིས་པའི་བར་མཐུད་སྲུང་སྐར་མ་ལག་ལ་ཡར་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《རླབས་ཆེན་གྱི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ60འཁོར་བའི》རྒྱབ་ཤ་དཀར་པོའི་དེབ་བཏོན་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་དམངས་སྲིད་བྱ་བར་མཛུབ་སྟོན་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།