བདེ་ཆེན་གྱིས་བསྡུས་བསྒྱུར་བྱས། 2019-04-08
གེ་སར་གྱི་ལོ་རྒྱུས་སྙན་ངག་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་ཐ་སྙད་ཚད་ལྡན་ཅན་གྱི་དུས་རིམ་ཞིག་ཏུ་བསླེབས།
ལོ་རྒྱུས་སྙན་ངག་གེ་སར་སྒྲུང་དེ་རྒྱ་ཡིག་ཏུ་བསྒྱུར་བར་ཐ་སྙད་ཚད་ལྡན་གྱི་དུས་རིམ་ཞིག་ཏུ་སླེབས།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གེ་སར་ལས་གཞི་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར།མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གེ་སར་གྱི་ལོ་རྒྱུས་སྙན་ངག་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་ཐ་སྙད་ཚད་ལྡན་ཅན་ཞིག་ཏུ་སླེབས་ཏེ།གེ་སར་གྱི་ལོ་རྒྱུས་སྙན་ངག་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་ལས་ཀའི་ཁྲོད་ཡི་གེ་སྤྱད་པར་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།
དཔེ་དེབ་བམ་པོ་མང་ཞིང་དཔེ་ཚོགས་ཆེ་བའི་གེ་སར་གྱི་ལོ་རྒྱུས་སྙན་ངག་ལ་ཡིག་ཕྲེང་ཁྲི་ཚོ་བརྒྱ་ལྷག་ཙམ་དང་ཡིག་འབྲུ་ཁྲི་ཉིས་སྟོང་ལྷག་ཙམ་བསྡུ་རྒྱུ་རག་པས། འཛམ་གླིང་གི་ལོ་རྒྱུས་སྙན་ངག་གི་ཡིག་གྲངས་བསྡོམས་འབོར་ཆེ་གྲས་ལྔ་ལས་བརྒལ་བ་དང་། དེའི་ནང་དོན་ནི་སྔར་བཞིན་མཐོ་རུ་འགྲོ་བཞིན་ཡོད། 2006ལོར། ཀྲུང་གོའི་གཞུང་ཕྱོགས་ཀྱིས་ཐོག་མར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། 2009ལོར་གེ་སར་གྱི་ལོ་རྒྱུས་སྙན་ངག་སྲོལ་རྒྱུན་དེས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་གནས་ཀྱི་མཚོན་བྱེད་མིང་གཞུང་ནང་བདམས་ཐོན་བྱུང་བ་རེད།
ཀྲུང་གོའི་གེ་སར་རིག་གནས་མྱུར་སྐྱོབ་དང་གླིང་སྒྲུང་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།གེ་སར་གྱི་ལོ་རྒྱུས་སྙན་ངག་གཏམ་བཤད་བྱེད་སྟངས་དང་ནང་དོན་ལོ་ངོ་སྟོང་ཕྲག་རིང་ལ་ཚང་མ་བོད་སྐད་ཡིན་པ་དང་།སྐད་བསྒྱུར་གྱི་ལས་ཀ་བྱེད་མཁན་མང་པོ་ཞིག་ཡོད་མྱོང་ཞིང་།འོན་ཀྱང་དེ་དག་ཚང་མར་རང་ཉིད་ས་ཁུལ་གྱི་ཐ་སྙད་ཡིག་བསྒྱུར་གྱི་གོམས་གཤིས་ཆགས་ཡོད་པས།ཀློག་པ་པོས་ལྟ་སྐབས་ནང་དོན་ནོར་འཁྲུལ་གོ་ལོག་ཐེབས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།གེ་སར་གྱི་ལོ་རྒྱུས་སྙན་ངག་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་ཐ་སྙད་ཚད་ལྡན་ལས་ཀའི་མིག་སྔར་གེ་སར་གྱི་འབྲེལ་ཡོད་ཐ་སྙད་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་རྒྱུན་མཁོའི་ཐ་སྙད་ལ་བླང་བྱ་ཞིབ་ཕྲ་བྱས་ཡོད་པ་དང་།གེ་སར་གྱི་ཐ་སྙད་ཚིག་མཛོད་ཆེན་མོ་ནང་ཕབ་འཇུག་བྱེད་པའི་གཞི་རྩའི་ཐ་སྙད་གཏན་འཁེལ་བྱས་ཏེ།མཐའ་མར་ཚད་ལྡན་དུ་བཏང་བ་རེད།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དབྱང་ཨེན་ཧུང་གིས་བཤད་དོན།གེ་སར་གྱི་ལོ་རྒྱུས་སྙན་ངག་རྒྱ་ཡིག་ལ་བསྒྱུར་བའི་ཚད་ལྡན་གཅིག་གྱུར་བྱས་ཏེ།གེ་སར་གྱི་ལོ་རྒྱུས་སྙན་ངག་ཕྱིན་ཆད་ལ་བོད་སྐད་མིན་པའི་ཀློག་པ་པོའི་ཚོགས་སྤྱིར་དྲིལ་བསྒྲགས་ཁྱབ་སྤེལ་བྱས་ནས་འཛམ་གླིང་ཕྱོགས་སུ་བསྐྱོད་དེ་ཚང་མ་ཧ་ཅང་གལ་འགངས་ཆེ་བའི་དུས་རིམ་ཞིག་ལ་སླེབས་པ་རེད།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གེ་སར་ལས་གཞི་གཞུང་དོན་ཁང་གི་ཀྲུའུ་རེན་ངག་དབང་དགེ་ལེགས་ཀྱིས་བསྟན་དོན། ཕྱིན་ཆད་གེ་སར་གྱི་ལོ་རྒྱུས་སྙན་ངག་ཡིག་བསྒྱུར་བྱེད་པའི་གོ་རིམ་ཁྲོད་དུ་ཐ་སྙད་ཚང་མ་ཚད་ལྡན་ཅན་དང་།འབྲི་སྟངས་གཅིག་མ་གཏོགས་མེད་པས། གེ་སར་གྱི་ལོ་རྒྱུས་སྙན་ངག་མི་ཤེས་མཁན་གྱི་ཀློག་པ་པོར་ཀློག་ཤེས་བཅུག་རྒྱུ་དང་། འདི་ནི་བྱས་རྗེས་དང་ཕན་འབྲས་ཐོན་པའི་བྱ་བ་ཞིག་ཡིན་ལ། དེ་ཡང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་ནོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10