ལྷ་འཛོམས་ཀྱིས་བསྒྱུར། 2018-10-31
སྤྱི་ཟླ10པའི་ཚེས27ཉིན་གྱི་དགོང་མོར་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྐབས་བརྒྱད་པའི་སྒྱུ་རྩལ་དུས་ཆེན་དེ་དབྱི་པིང་ཅིའུ་ཏུའུ་ཟློས་གར་ཁང་དུ་མཇུག་བསྒྲིལ་བ་རེད། གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་འཚོགས་ནས་ཉིན5ཡི་དུས་ཚོད་ནང་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ལས་དོན་པས་ལྟད་མོ་བར་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་རིགས་ཁག་གི་ཕུལ་བྱུང་རིག་གནས། སྒྱུ་རྩལ་གྱི་ཆེད་ལས་འཁྲབ་སྟོན། མང་ཚོགས་ཀྱི་རིག་གནས་བྱེད་སྒོ་བཅས་འགྲེམས་སྟོན་བྱས་པ་རེད།
མཇུག་སྒྲིལ་མཛད་སྒོའི་ཐོག་ཞིང་ཆེན་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་གྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་སྡེ་ཚན། མི་སྒེར་བཅས་བརྡ་ཁྱབ་བཏང་བ་རེད། འགྲན་བསྡུར་དྲག་པོ་བྱས་པར་བརྒྱུད་རང་ཁུལ་གྱིས་འདེམས་སྐྱེལ་བྱས་པའི་གླུ་བྲོའི་ཟློས་གར《གནས་མཆོག་དཀར་མཛེས་ཏེ་ཉི་སྟེན་གྱི་བརྩེ་དུང》ཞེས་པར་ཆེད་ལས་ཚོ་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཞབས་བྲོ《ངའི་ཨ་ཕ་ཨ་མ》ཞེས་པར་ལས་ཞོར་ཚོ་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་ཅིང་། གླུ་གཞས《འོད་ཟེར་སྟོང་ལྡན་ཕྱོགས་སུ་སྐྱོད་པ》ཞེས་པར་ལས་ཞོར་ཚོ་ཆུང་གི་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10