གསར་འགྱུར་གནད་བསྡུས།

        2018-10-31

༄༅། ཟླ་བ10པའི་ཚེས24ཉིན་ལ་ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲའོ་པོས་གཙོ་འགན་བཞེས་ནས་དཀར་མཛེས་ཁུལ་གྱི་ཐེངས་གསུམ་པའི་རྒྱལ་ཡོངས་རྒྱལ་སར་ཞིབ་དཔྱད་འགོ་ཁྲིད་ཚོ་ཆུང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཏེ་རྒྱལ་སའི་ཞིབ་དཔྱད་ལས་ཀ་གཉེར་བའི་ཕུགས་རིང་གི་དོན་སྙིང་ལྡན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ། སྔོན་དུ་ཇུས་འགོད་དང་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་ཞིང་དུས་བཀག་ནང་ལས་འགན་ཁག་ལེགས་གྲུབ་ཡོང་བར་ཁག་ཐེག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

༄༅། ཟླ་བ10པའི་ཚེས24ཉིན་ལ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན། གུང་གཞོན་ཚོགས་པ་དཀར་མཛེས་ཁུལ་ཨུ་བཅས་ཀྱི་མཉམ་སྤེལ་བྱས་པ་དང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་དང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས། དཀར་མཛེས་གསར་འགྱུར་དྲ་བ་སོགས་ཀྱིས་ལག་ལེན་བསྟར་འགན་ཁུར་ཏེ་གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པ་དང་རང་ཡུལ་གྱི་དྲྭ་གྲགས་སྒྲིག་འཛུགས་བྱས་ནས་དར་མདོ་དང་ལྕགས་ཟམ། རོང་བྲག འདབ་པ། དུང་དཀར་ལུང་པའི་མཛེས་ལྗོངས་ས་ཁུལ་དུ་སྟོན་ཚིགས་ཀྱི་མཛེས་ལྗོངས་དང་མི་སྣ། ཟས་རིགས། ཡུལ་མིའི་སྡོད་ཁང་སོགས་ལ་དམིགས་ནས་བཅར་འདྲི་དང་བརྙན་ལེན་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:གསར་དུ་བཟོ་བཅོས་བརྒྱབ་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་སློབ་སྦྱོང་གཏིང་ཟབ་བྱ་དགོས།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྐབས་བརྒྱད་པའི་སྒྱུ་རྩལ་དུས་ཆེན་མཇུག་བསྒྲིལ།
  • དོ་སྣང་ཆེ་བའི་རྩོམ།