གཞིས་རྩེ་ནས་ཁྲུང་ཆིང་བར་གནམ་གྲུ་ཐད་ཀར་འཕུར་བའི་ལམ་ཐིག་ཤར་གཏོང་ཐུབ་པ།

        2018-09-25

ཟླ9ཚེས21ཉིན་གྱི་ཆུ་ཚོད10ཙམ་ལ། ནུབ་རྒྱུད་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུPN6449གཞིས་རྩེའི་ཞི་བདེ་གནམ་ཐང་དུ་བདེ་བླག་ངང་བབས་པ་དེས་ཁྲུང་ཆིང་ནས་གཞིས་རྩེ་བར་ཐད་ཀར་འཕུར་བའི་གནམ་གྲུའི་ལམ་ཐིག་ཤར་གཏོང་ཐུབ་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་9ཚེས་21ཉིན་ནུབ་རྒྱུད་མཁའ་འགྲུལ་ཀུང་སིས་ཁྲུང་ཆིང་ནས་གཞིས་རྩེ་བར་གནམ་གྲུ་ཐད་ཀར་འཕུར་བའི་ལམ་ཐིག་དངོས་སུ་བཏོད་པ་དང་། ལམ་ཐིག་དེའི་དུས་གཏན་གནམ་གྲུ་དེ་འགྲུལ་སྐྱེལ་གནམ་གྲུའི་བཟོ་དབྱིབས་A319ཡིས་འཕུར་འགན་འཁུར་རྒྱུ་དང་དུས་གཏན་གནམ་གྲུའི་ཨང་རྟགས་PN644/50ཡིས་གཟའ་འཁོར་རེའི་རེས་གཟའ་ཟླ་བ་དང་པ་སངས་ཉིན་ལ་ཐེངས་རེ་འཕུར་རྒྱུ་དང་། ལམ་ཐག་དང་འཕུར་བའི་དུས་ཚོད་ནི་ཁྲུང་ཆིང་ནས་ཆུ་ཚོད་བདུན་དང་སྐར་མ་ལྔ་བཅུར་ཐོན་ཏེ་གཞིས་རྩེར་ཆུ་ཚོད་བཅུ་དང་སྐར་མ་སོ་ལྔར་འབྱོར་རྒྱུ་དང་། ཕྱིར་ལོག་དུས་ཚོད་ནི་གཞིས་རྩེ་ནས་ཆུ་ཚོད་བཅུ་གཉིས་ནས་ཐོན་ཏེ་ཁྲུང་ཆིང་ལ་ཆུ་ཚོད་བཅོ་ལྔར་འབྱོར་རྒྱུ་ཡིན་ཞིང་། མཁའ་འགྲུལ་གྱི་ལམ་ཐིག་གསར་པ་ཤར་གཏོང་ཐུབ་རིང་གཟིགས་སྐྱོང་མང་པོ་བྱ་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:བོད་ལྗོངས་གློག་རྡུལ་ཁྲལ་དོན་ཅུས་དངོས་སུ་སྤྱོད་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ཆེ་དགྲ་ལྷས་ལྗོངས་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།