2018-09-25
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་གློག་རྡུལ་ཁྲལ་དོན་ཅུས་དངོས་སུ་སྤྱོད་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་དེ་ཐོག་ནས་རང་ལྗོངས་ཀྱི“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་དང་། ལས་སྟེགས་རྒྱབ་མདུན་སྦྲེལ་མཐུད། གཅིག་གྱུར་ཚད་ལྡན་ནུས་ལྡན”བཅས་ཀྱི་ཁྲལ་གཉེར་ཞབས་ཞུའི་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།
“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཁྲལ་བསྡུའི་གཉེར་སྐྱོང་ཁོར་ཡུག་སྔར་བས་ལེགས་སུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་2017ལོའི་ལོ་མཇུག་ཏུ་གློག་རྡུལ་ཁྲལ་དོན་ཅུས་བསྐྲུན་འགོ་བཙུགས་ཏེ་ཁྲལ་གཉེར་ཚོམས་ཆེན་དངོས་དང་། དྲ་རྒྱ། སྒུལ་བདེའི་མཐའ་སྣེ། རང་འདེམས་སྒྲིག་ཆས་མཐའ་སྣེ་སོགས་སྣེ་མང་ཞབས་ཞུའི་ཐབས་ལམ་ཕྱོགས་ཡོངས་ནས་བསྡུ་སྒྲིལ་བྱས་ནས་ཁྲལ་འཇལ་མཁན་ལྟེ་བར་བྱས་པའི་ནུས་པ་ཆ་ཚང་གཞི་གཅིག་ཅན་གྱི་དྲ་རྒྱའི་ཁྲལ་གཉེར་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཤིག་བསྐྲུན་ཡོད།
ལོ་གཅིག་ཙམ་གསར་སྤེལ་འཛུགས་སྐྲུན་བྱས་པ་བརྒྱུད་2018ལོའི་ཟླ་8ཚེས་1ཉིན་ནས་ཟླ་8ཚེས་30ཉིན་བར་བོད་ལྗོངས་གློག་རྡུལ་ཁྲལ་དོན་ཅུས་ཚོད་ལྟའི་བེད་སྤྱོད་དང་ད་ཆ་དངོས་སུ་སྤྱོད་འགོ་ཚུགས་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10