ཀྲུའུ་ཀོང་ཡའོ་ཡིས་ཨ་མེ་རི་ཁའི་ནོར་སྲིད་པུའུའི་པུའུ་ཀྲང་ཀྲུང་གོར་འཚམས་འདྲིར་ཡོང་དོན་ནི་འཐབ་ཇུས་དང་དཔལ་འབྱོར་ཐད་བཀའ་མོས་གནང་རེས་དང་ཀྲུའུ་ཞི་ཞི་ལགས་ཨ་མེ་རི་ཁར་འཚམས་འདྲི་ཞུ་བར་གྲ་སྒྲིག་བྱ་ཆེད་རེད་ཅེས་གསུངས།   

མིག་དམར་གྱིས་བསྒྱུར།        2015-04-08


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ3པའི་ཚེས30ཉིན་འབྱོར་བའི་གཏམ་གསར། ནོར་སྲིད་པུའུའི་པུའུ་ཀྲང་གཞོན་པ་ཀྲུའུ་ཀོང་ཡའོ་ཡིས་གོང་ཚེས་ཉིན་བསྟན་དོན། ཨ་མེ་རི་ཁའི་སྲིད་འཛིན་གྱི་དམིགས་བསལ་སྐུ་ཚབ་དང་ནོར་སྲིད་པུའུའི་པུའུ་ཀྲང་ཡ་ཀོ་པུའུ.ལུའུ་ཡིས་ཀྲུང་གོར་འཚམས་འདྲི་ཞུ་ཡོང་དོན་ནི་ཟླ་བ6པའི་ནང་ཀྲུང་གོ་དང་ཨ་རིའི་བར་འཐབ་ཇུས་དང་དཔལ་འབྱོར་སྐོར་གྱི་བཀའ་མོལ་གནང་རེས་བྱེད་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་བ9པར་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲིར་ཕེབས་པར་གྲ་སྒྲིག་བྱ་ཆེད་རེད།
ཉིན་གཅིག་གི་འཚམས་འདྲིའི་རིང་ལ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཡ་ཀོ་པུའུ.ལུའུ་ལ་མཇལ་འཕྲད་གནང་བ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝང་དབྱང་དང་ཡ་ཀོ་པུའུ.ལུའུ་རྣམ་གཉིས་གླེང་མོལ་གནང་བ།ཡ་ཀོ་པུའུ.ལུའུ་ཡིས་ད་དུང་ཀྲུང་གོའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་དང་ཐུག་འཕྲད་གནང་བ་རེད།ཐུག་འཕྲད་གནང་བར་གྲུབ་འབྲས་ཆེན་པོ་ཐོབ་ཡོད།ཕྱོགས་གཉིས་ཀས་བསྟན་དོན།ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་འཛམ་གླིང་ཐོག་ཆེས་གལ་ཆེ་བའི་དཔལ་འབྱོར་སྡེ་གཞི་ཡིན་པའི་ཆ་ནས་ཚང་མས་ཕན་ཚུན་གྱི་དཔལ་འབྱོར་གོང་འཕེལ་འབྱུང་བར་རེ་སྒུག་བྱས་དང་བྱེད་བཞིན་ཡོད།མིག་སྔར་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་སྔར་བཞིན་བརྟན་པོ་མིན་པ་དང་གཏན་འཁེལ་མེད་པའི་གནས་ཚུལ་འོགཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་དང་རང་རང་གི་དཔལ་འབྱོར་འཕར་སྣོན་ཡོང་བ་དེ་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་ཧ་ཅང་གལ་ཆེ་བའི་དོན་སྙིང་ལྡན་པ་རེད་ཅེས་ཀྲུའུ་ཀོང་ཡའོ་ཡིས་གསུངས་པ་རེད།ཀྲུའུ་ཀོང་ཡའོ་ཡིས་བསྟན་དོན།ལི་ཁེ་ཆང་ཙུང་ལིས་ཐུག་འཕྲད་གནང་སྐབས་དམིགས་བསལ་ནན་གསུངས་གནང་དོན།ཀྲུང་གོ་དང་ཨ་རིའི་རྣམ་པ་གསར་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་ཕྱི་སྒྲོམ་འོགཕན་ཚུན་བརྩི་བཀུར་དང་མཉམ་ལས་མཉམ་ཁེ་ཡོང་རྒྱུ་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་འདོད་རེད།དེ་མིན།ཀྲུང་གོས་གྲོས་གཞི་བཏོན་པའི་ཡ་གླིང་གི་རྨང་གཞི་སྒྲིག་ཆས་ཀྱི་མ་དངུལ་གཏོང་འཇོག་དངུལ་ཁང་བསྐྲུན་རྒྱུའི་ཐད་ཀྲུའུ་ཀོང་ཡའོ་ཡིས་བཤད་དོན།ཡ་ཀོ་པུའུ.ལུའུ་ཡིས་ཨ་མེ་རི་ཁའི་སྐུ་ཚབ་བྱས་ནས་གསལ་པོར་བསྟན་རྒྱུར།ཨ་རིའི་ཕྱོགས་ནས་རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པའི་གྲོས་གཞི་ཡོད་ཚད་ལ་རྒྱབ་སྐྱོར་དང་དགའ་བསུ་ཞུ་རྒྱུ་ཡིན་ལ།ཨ་རིའི་ཕྱོགས་ནས་ཀྲུང་གོས་རྒྱལ་སྤྱིའི་དཔལ་འབྱོར་ལས་དོན་ནང་ནུས་པ་དེ་བས་གལ་ཆེན་འདོན་པར་དགའ་བསུ་ཞུ་བ་ཡིན།ཨ་རིས་ཡ་གླིང་གི་མ་དངུལ་གཏོང་འཇོག་དངུལ་ཁང་གིས་སྒྲིག་གཞི་བཅོས་སྐྱོང་གི་ཐད་ལ་ཚད་གཞི་མཐོན་པོ་མངོན་པའི་རེ་འདུན་ཡོད་ལ། ཀྲུང་གོའི་ཕྱོགས་ནས་ཚད་གཞི་མཐོན་པོ་ལས་སྟངས་རྒྱུན་འཁྱོངས་བྱས་པར་བསམ་ཤེས་བྱས་ཐུབ་ཅིང་ཕྱོགས་གཉིས་ཀས་དེའི་ཐད་ལ་བསམ་འཆར་བརྗེ་རེས་གཏིང་ཟབ་མོ་བྱ་རྒྱུའི་འདོད་མོས་ཡོད།ཀྲུའུ་ཀོང་ཡའོ་ཡིས་གསུངས་དོན།ཡ་ཀོ་པུའུ.ལུའུ་ཡིས་ཙུང་ཐུང་ཨའོ་པ་མའི་སྐུ་ཚབ་བྱས་ཏེ་བསྟན་དོན།ཨ་རིའི་ཕྱོགས་ནས་རྨང་གཞི་སྒྲིག་ཆས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཡ་གླིང་གི་མ་དངུལ་གཏོང་འཇོག་དངུལ་ཁང་དང་མཉམ་ལས་བྱ་རྒྱུའི་རེ་སྒུག་ཡོད་ཅིང་།དེར་ཀྲུང་གོ་དང་ཨ་རི་བར་འཐབ་ཇུས་དང་དཔལ་འབྱོར་གྱི་ཐད་བཀའ་མོལ་གནང་རེས་ཀྱི་ནང་རྐྱེན་བརྒྱུད་པའམ་འཛམ་གླིང་གི་དངུལ་ཁང་དང་ཡ་གླིང་གི་མ་དངུལ་གཏོང་འཇོག་དངུལ་ཁང་བར་མཉམ་ལས་བྱས་པ་བརྒྱུད།ཡང་ན་ཕྱོགས་གཉིས་གང་རུང་གིས་ཁས་བླངས་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་བཅས་ཚུད་པ་རེད།མདོར་བསྡུས་ན་རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་གཏང་རྒྱུའི་དོན་དག་འདིའི་ཐད་ལ་ཨ་རིའི་ཕྱོགས་ནས་རྦད་དེ་རྒྱབ་སྐྱོར་བྱེད་ངེས་ཡིན་པ་རེད།
  • ལེ་ཚན་སྔོན་མ།:བོད་སྨན་གྱི་ལག་རྩལ་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་བོད་ཀྱི་གསོ་བ་རིག་པ་དར་སྤེལ་གཏོང་།
  • ལེ་ཚན་རྗེས་མ།:ཀན་སུའུ་ཡིས་དེང་རབས་ལས་རིགས་སློབ་གསོ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས།
  • དོ་སྣང་ཆེ་བའི་རྩོམ།