བོད་སྨན་གྱི་ལག་རྩལ་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་བོད་ཀྱི་གསོ་བ་རིག་པ་དར་སྤེལ་གཏོང་།

ལྷ་འཛོམས།        2015-04-07

བོད་ཀྱི་གསོ་བ་རིག་པ་དར་སྤེལ་གཏོང་བ་དང་བོད་སྨན་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་བྱེད་ཆེད།ཟླ་བ3པའི་ཚེས17ཉིན་དཀར་མཛེས་ཁུལ་གྱི་བོད་སྨན་གྱི་དར་མའི་སློབ་གསོའི་དངོས་སྦྱོང་ཚན་ཁག་གི་འཛིན་གྲྭ་བཙུགས་ཤིང་དགེ་རྒན་བསྟེན་པའི་མཛད་སྒོ་དེ་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭ་ལ་སྤེལ་བ་རེད།
དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤྱི་པའི་ཞབས་ཕྱི་དང་བདེ་ཐང་གི་དཀར་མཛེས་ཁུལ་བསྐྲུན་རྒྱུ་དེ་འབྱུང་འགྱུར་དུས་སྐབས་ཤིག་གི་འཐབ་ཇུས་མཐོ་ཚད་ཐོག་བཞག་ནས་མཐོང་ཆེན་བྱས་དང་བྱེད་བཞིན་ཡོད།མ་དངུལ་འཇོག་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་།ཐོན་ལས་འཆར་འགོད།ཕྱི་ཕྱོགས་སྤེལ་རེས་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་ཆེན་པོ་གནང་ཡོད།
ཐེངས་འདིའི་བོད་སྨན་གྱི་དར་མའི་སློབ་གསོའི་དངོས་སྦྱོང་ཚན་ཁག་གི་འཛིན་གྲྭ་བཙུགས་པ་དེས་བོད་ཁུལ་གྱི་གཞི་རིམ་གྱི་བོད་སྨན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དུས་རབས་གསར་པར་འབྱེད་པ་དང་འབྱུང་འགྱུར་གྱི་བོད་ཀྱི་གསོ་རིག་སློབ་གསོ་བྱེད་སྟངས་དང་རྒྱའི་གསོ་རིག་སློབ་གསོ་བྱེད་སྟངས།ཁྱད་པར་དུ་གསོ་རིག་སློབ་གསོ་བྱེད་སྟངས་ཀྱི་ཐབས་ལམ་གསར་པ་ཞིག་གཏོད་པ་རེད།དཀར་མཛེས་ཁུལ་གྱི་བོད་སྨན་གྱི་དར་མའི་སློབ་གསོའི་དངོས་སྦྱོང་ཚན་ཁག་གི་འཛིན་གྲྭ་བཙུགས་པ་དེས་རང་ཁུལ་གྱིས་བོད་སྨན་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་ཀ་གོམ་པ་སྲ་བརྟན་ཞིག་སྤོས་པ་མཚོན་ཐུབ་ལ་རང་ཁུལ་གྱི་བོད་སྨན་རྒྱུད་འཛིན་སློབ་གསོ་དང་སློབ་རིམ་སློབ་གསོ།ལས་ཞུགས་བཅས་ཕྱོགས་གསུམ་གཞི་གཅིག་གི་བཅོས་བསྒྱུར་གཏོང་བའི་ཤོག་ལྷེ་གསར་པ་ཕྱེ་བའང་མཚོན་ཐུབ།
ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་སློབ་མ48དང་བོད་སྨན་ཆེད་རམས་པ10ལྷག་ཙམ་གྱིས་དགེ་སློབ་གྱི་འབྲེལ་བའི་གན་རྒྱ་བཞག་པ་རེད།དཀར་མཛེས་ཁུལ་གྱིས་ལོ་ལྔའི་དུས་ཚོད་ནང་བོད་སྨན་དངོས་སྦྱོང་ཚན་ཁག་གི་ཤེས་ལྡན་མི་སྣ100ལ་རིན་པ་མི་དགོས་པས་གསོ་སྐྱོང་བྱ་རྒྱུ་རེད།
བོད་སྨན་གྱིས་དར་མའི་སློབ་གསོའི་དངོས་སྦྱོང་ཚན་ཁག་གི་འཛིན་གྲྭ་བཙུགས་པ་དེ་ནི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དེང་རབས་ཀྱི་སྨན་ལས་ཟུང་འབྲེལ་དམ་ཚགས་བྱེད་པའི་ཚོད་ལྟ་ཞིག་ཡིན་ལ་འབྱུང་འགྱུར་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་སློབ་གསོར་ལམ་བུ་གསར་པ་ཞིག་ཀྱང་གཏོད་པ་རེད།།   
  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་བོད་ཁུལ་གྱི་དམངས་འཚོ་ལས་གྲྭ་ཆེན་པོ་དྲུག་བརྟན་བརླིང་ངང་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:ཀྲུའུ་ཀོང་ཡའོ་ཡིས་ཨ་མེ་རི་ཁའི་ནོར་སྲིད་པུའུའི་པུའུ་ཀྲང་ཀྲུང་གོར་འཚམས་འདྲིར་ཡོང་དོན་ནི་འཐབ་ཇུས་དང་དཔལ་འབྱོར་ཐད་བཀའ་མོས་གནང་རེས་དང་ཀྲུའུ་ཞི་ཞི་ལགས་ཨ་མེ་རི་ཁར་འཚམས་འདྲི་ཞུ་བར་གྲ་སྒྲིག་བྱ་ཆེད་རེད་ཅེས་གསུང
  • དོ་སྣང་ཆེ་བའི་རྩོམ།