རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«འབྲི་ཆུའི་དབུས་རྒྱུད་ས་ཁུལ་གྱི་གྲོང་ཁྱེར་ཚོགས་འཕེལ་རྒྱས་འཆར་འགོད»ལག་བསྟར་བྱེད་རྒྱུར་ཆོག་མཆན་བཀོད།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2015-04-09
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཙུང་ལི་ལིས་ཁི་ཆང་གིས་ཆོག་མཆན་བཀོད་པ་ལྟར།ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«འབྲི་ཆུའི་དབུས་རྒྱུད་ས་ཁུལ་གྱི་གྲོང་ཁྱེར་ཚོགས་འཕེལ་རྒྱས་འཆར་འགོད»ཞེས་པ་ལག་བསྟར་བྱེད་རྒྱུར་ཆོག་མཆན་བཀོད།དེ་ནི་འབྲི་ཆུ་དཔལ་འབྱོར་ས་ཁུལ་གྱི་རྒྱལ་ཁབ་འཐབ་ཇུས་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།2014ལོ་ནས་2020ལོའི་བར་རྒྱལ་ཁབ་ཀྱི་རྣམ་པ་གསར་བའི་མཁར་གྲོང་་ཅན་འཛུགས་སྐྲུན་འཆར་འགོད་གཏན་ལ་ཕབ་རྗེས་རྒྱལ་ཁབ་ཀྱིས་ཆོག་མཆན་བཀོད་པའི་ས་ཁོངས་ལས་བརྒལ་བའི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པའི་འཆར་འགོད་ཅིག་ཀྱང་ཡིན་པས།དབུས་རྒྱུད་ས་ཁུལ་མྱུར་དུ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་དང་།རྣམ་པ་གསར་བའི་མཁར་གྲོང་་ཅན་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་འཚོལ་ཞིབ་བྱེད་པ།ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། «འཆར་འགོད»ལས་ཕྱོགས་དྲུག་གི་ལས་འགན་གཙོ་བོ་གཏན་ལ་ཕབ་པ་སྟེ།གཅིག་ནི་མཁར་གྲོང་གཅིག་གྱུར་སྒོས་འཆར་འགོད་དང་འཕེལ་རྒྱས་སུ་གཏོང་བ་དང་།གཉིས་ནི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཐད་ནས་ཕན་ཚུན་འབྲེལ་མཐུད་བྱེད་པ།གསུམ་ནི་ཐོན་ལས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ།བཞི་ནི་སྐྱེ་ཁམས་དཔལ་ཡོན་མཉམ་དུ་འཛུགས་སྐྲུན་བྱེད་པ།ལྔ་ནི་སྤྱི་པའི་ཞབས་ཞུ་མཉམ་དུ་ལོངས་སྤྱོད་བྱེད་པ།ལྔ་ནི་ཕྱི་ཕྱོགས་སུ་སྒོ་ཕྱེ་ཚད་སྔར་ལས་རྒྱ་ཇེ་ཆེར་གཏོང་བ་བཅས་རེད། །