ཀྲུང་གོ་བོད་ཀྱི་དྲ་བ། 2015-04-09
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།ཉེ་བའི་ལོ་འགའི་རིང་ལ།བོད་ལྗོངས་ཀྱིས་སློབ་ཞུགས་སྔོན་གྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་བ་འཚོལ་ཞིབ་བྱས་ཏེ།རོང་འབྲོག་ཁུལ་གྱི་སྐད་གཉིས་བྱིས་གཉོར་ཁང་འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་བརྒྱུད།སློབ་སྔོན་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་གྲངས་མ་མཐུད་དུ་རྒྱ་བསྐྱེད་པ་དང་།སློབ་གསོ་ཁྱབ་གདལ་དུ་གཏོང་ཚད་ལ་གོང་འཕེལ་ཆེན་པོ་བྱུང་།2011ལོ་ནས2014ལོའི་བར།བསྡོམས་པས་མ་དངུལ་སྒོར་དུང་ཕྱུར19.32དངོས་འབེབས་བྱས་ཏེ།བྱིས་གཉོར་ཁང1056གསར་བསྐྲུན་དང་བསྒྱུར་བཀོད་བྱས།བོད་ལྗོངས་སློབ་གསོ་ཐིན་རྨང་གཞི་སློབ་གསོ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར།ན་ནིང་གི་ལོ་མཇུག་བར་དུ།བོད་ལྗོངས་སུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་བེད་སྤྱོད་བྱེད་བཞིན་པའི་བྱིས་གཉོར་ཁང722ཡོད་ཅིང་།2010ལོ་དང་བསྡུར་ན་བྱིས་གཉོར་ཁང603ཇེ་མང་དུ་སོང་།བྱིས་གཉོར་ཁང་དུ་བྱིས་པ81123ཡོད་པ་དང་།2010ལོ་དང་བསྡུར་ན་བྱིས་པ57709འཕར་སྣོན་བྱུང་།སློབ་ཞུགས་སྔོན་གྱི་སློབ་གསོའི་སློབ་མ་སློབ་གྲྭར་འགྲིམས་ཚད59.11%ལ་བསླེབས་པ་དང་།2010ལོ་དང་བསྡུར་ན་བརྒྱ་ཆའི་ཆ34.61འཕར་ཡོད་པ་རེད།2014ལོའི་ལོ་མཇུག་བར་དུ།ལྗོངས་ཡོངས་ཀྱི་བྱིས་གཉོར་ཁང་གི་དགེ་རྒན་དང་ལས་བཟོ་བ་མི3394ཡོད་པ་དང་།2010ལོ་དང་བསྡུར་ན་མི1818ཇེ་མང་དུ་སོང་།དེ་དང་ཆབས་ཅིགབོད་ལྗོངས་ཀྱིས་སློབ་སྔོན་སློབ་གསོའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ཏེ།ལོ་རེར་དགེ་རྒན1000ལྷག་གཞི་རིམ་གྱི་བྱིས་གཉོར་ཁང་དུ་ཁ་སྣོན་བྱས་ནས།ལོ་འགའི་དུས་ཚོད་བེད་སྤྱད་དེ་བྱིས་གཉོར་ཁང་གི་དགེ་རྒན་མི་འདང་བའི་གནད་དོན་ཐག་གཅོད་པར་བརྩོན་ལེན་བྱེད་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10