རྒྱ་རིགས་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་བཤད་ཤེས་པར་བརྩོན་ལེན་བྱེད་དགོས།

གཙང་ཞོགས་སྤྲིན་གྱིས་བོད་ཡིག་ཏུ་བསྒྱུར།        2018-09-07

རྒྱ་རིགས་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་བཤད་ཤེས་པར་བརྩོན་ལེན་བྱེད་དགོས།


རྒྱ་རིགས་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་བཤད་ཤེས་པར་བརྩོན་ལེན་བྱེད་དགོས།


____ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་སྟེང་གསུང་དོན།


གཅིག གྲངས་ཉུང་མི་རིགས་ཀྱི་སྐད་རིགས་སྐོར།


ཕན་ཚུན་སྐད་བརྡ་འཕྲོད་པ་ནི་མི་དང་མིའི་བར་མཐུན་འབྲེལ་ཡོང་བའི་གནད་འགག་གཙོ་བོ་ཡིན་ཏེ།ཕན་ཚུན་བར་སྐད་བརྡ་མ་འཕྲོད་ན་འབྲེལ་གཏུག་བྱེད་དཀའ་བ་དང་། འབྲེལ་གཏུག་བྱེད་མ་ཐུབ་ན་ཕན་ཚུན་བར་བསམ་ཤེས་བཅའ་མི་ཐུབ་པ་དང་། ཕན་ཚུན་བར་མོས་མཐུན་ཆགས་དཀའ་བ་རེད། འབྲེལ་ཡོད་ཀྱི་མི་རིགས་ས་ཁུལ་འགའ་ཞིག་ཏུ་སྐད་གཉིས་སློབ་གསོ་ཁྱབ་སྤེལ་བྱེད་ཀྱིན་ཡོད་དེ། གཅིག་ན་གྲངས་ཉུང་མི་རིགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྐད་ལ་སློབ་སྦྱོང་བྱེད་པར་རེ་འདུན་ཞུ་དགོས་པ་དང་། གཉིས་སུ་མི་རིགས་ས་ཁུལ་དུ་འཚོ་སྡོད་བྱེད་པའི་རྒྱ་རིགས་མང་ཚོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་ལ་སློབ་སྦྱོང་བྱེད་པར་སྐུལ་མ་གཏོང་གིན་ཡོད་པ་རེད། གྲངས་ཉུང་མི་རིགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱད་སྐད་རིགས་ལེགས་པར་སྦྱངས་ན། ལས་ཞུགས་དང་དེང་རབས་ཚན་རྩལ་རིག་གནས་ཀྱི་ཤེས་བྱ་དང་ལེན། སྤྱི་ཚོགས་སུ་གོམ་པ་སྤོ་བ་སོགས་ལ་ཕན་ཐོགས་ཆེན་པོ་ཡོད། མི་རིགས་ས་ཁུལ་དུ་ལས་དོན་གཉེར་ན། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རྒྱ་སྐད་བཤད་ཤེས་པ་དང་། རྒྱ་རིགས་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་བཤད་ཤེས་པར་བརྩོན་ལེན་བྱེད་དགོས། འདི་ཉིད་བླང་བྱའམ་རེ་འདུན་ཞིག་གི་ཚུལ་དུ་གླེང་དགོས་པ་རེད། དེ་ལྟ་མིན་ཚེ། ལས་ཀ་གཉེར་བར་དཀའ་ཁག་ཆེ་སྟེ། སྐད་བརྡ་ཡང་མ་འཕྲོད་ན་ལས་དོན་ཇི་ལྟར་སྒྲུབ།


གཉིས། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྐོར།


གྲངས་ཉུང་མི་རིགས་ཀྱི་རིག་གནས་ཉམས་ཆུང་བ་དང་། ཚོང་རའི་དཔལ་འབྱོར་གྱི་ཕོག་ཐུག་ལ་འགོག་རྒོལ་བྱེད་པའི་ནུས་པ་ཞན་སྟབས། དངོས་མིན་ཤུལ་བཞག་རིག་གནས་འགའ་ཞིག་ལ་ཉམས་ཉེས་ཚབས་ཆེན་ཐེབས་བཞིན་ཡོད། དེ་བས། ང་ཚོས་ཤུལ་བཞག་རིག་གནས་དེ་དག་བོར་སྟོར་བྱུང་རྗེས་ད་གཟོད་དམ་འཛིན་བྱེད་ཤེས་པའི་སྐྱོ་གར་འཁྲབ་མི་རུང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་ང་ཚོ་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་རིག་གནས་ཀྱི་ནོམ་པ་རྩ་ཆེན་ཞིག་ཡིན་པ་ལས། མི་རིགས་དེ་དང་ས་ཁུལ་དེ་ཁོ་ན་ལ་དབང་བའི་རྒྱུ་ནོར་ཞིག་ག་ལ་ཡིན།། ང་ཚོས་རིག་གནས་སྣ་མང་རང་བཞིན་ལ་བརྩི་མཐོང་བྱེད་དགོས་ན། ཐོག་མར་ཀྲུང་གོ་རང་སྟེང་ན་ཡོད་པའི་རིག་གནས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་ཧྭའི་རིག་གནས་ནི་མི་རིགས་སོ་སོའི་རིག་གནས་ཀྱི་སྙིང་བཅུད་གཅིག་བསྡུས་དེ་ཡིན། རྒྱའི་རིག་གནས་དང་ཀྲུང་ཧྭའི་རིག་གནས་གཉིས་ལ་མཚུངས་རྟགས་བཀོད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྣང་མེད་དུ་གཏོང་བ། ཡང་ན། རང་མི་རིགས་ཀྱི་རིག་གནས་དང་ཀྲུང་ཧྭའི་རིག་གནས་ཀྱི་བར་ལ་ཁྱད་པར་འབྱེད་པ་དང་། ཀྲུང་ཧྭའི་རིག་གནས་ལ་མོས་མཐུན་མེད་པ་སོགས་ནོར་འཁྲུལ་འབའ་ཞིག་ཡིན་པས། ལྟ་ཚུལ་དེ་དག་ཐམས་ཅད་བློ་ཐག་རྦད་ཆོད་ཀྱིས་ཁྱད་གསོད་བྱེད་དགོས་སོ།།

གཙང་ཞོགས་སྤྲིན་གྱིས་བོད་ཡིག་ཏུ་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་འགལ་མཁན་གྱི་མི7300ལྷག་ཐག་གཅོད་བྱས་ཡོད།
  • ལེ་ཚན་རྗེས་མ།:མུ་ཏིག་སྤོ་ལོའི་མཇུག་འགྲན་དར་མདོའི་ལུས་རྩལ་ཁང་དུ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།