མུ་ཏིག་སྤོ་ལོའི་མཇུག་འགྲན་དར་མདོའི་ལུས་རྩལ་ཁང་དུ་སྤེལ།

        2018-09-09

མུ་ཏིག་སྤོ་ལོའི་མཇུག་འགྲན་དར་མདོའི་ལུས་རྩལ་ཁང་དུ་སྤེལ།

སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཆེས་མཐའ་མའི་ཉིན་གྱི་ལུས་རྩལ་འགྲན་བསྡུར་ནི་མན་ཇུ་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་འགྲན་བསྡུར་ཏེ་མུ་ཏིག་སྤོ་ལོའི་འགྲན་བསྡུར་དེ་ཡིན་པ་རེད།


མུ་ཏིག་སྤོ་ལོའི་མཇུག་འགྲན་དར་མདོའི་ལུས་རྩལ་ཁང་དུ་སྤེལ།

མུ་ཏིག་སྤོ་ལོའི་མཇུག་འགྲན་དར་མདོའི་ལུས་རྩལ་ཁང་དུ་སྤེལ།


སྤྱི་ཚེས9ཉིན་གྱི་སྔ་དྲོར་དཀར་མཛེས་ཁུལ་མི་རིགས་ལུས་རྩལ་ཁང་ནས་མུ་ཏིག་སྤོ་ལོའི་མཇུག་མཐའི་འགྲན་བསྡུར་དེ་བདེ་བླག་ངང་སྤེལ་ཞིང། སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་འགྲན་ཞུགས་ལུས་རྩལ་པ་སྐྱེས་པ་དང་བུད་མེད་ཀྱི་རུ་ཁག་སོ་སོས་ཁྱོན་ཉིན་ལྔ་ཡི་རིང་ལ་ཛ་དྲག་གི་འགྲན་བསྡུར་རབ་དང་རིམ་པ་བརྒྱུད་ནས་ཉིན་འདིའི་སྔ་དྲོར་མུ་ཏིག་སྤོ་ལོའི་འགྲན་བསྡུར་ཡོངས་སུ་མཇུག་རྫོགས་ཡོད་པ་རེད།


མུ་ཏིག་སྤོ་ལོའི་མཇུག་འགྲན་དར་མདོའི་ལུས་རྩལ་ཁང་དུ་སྤེལ།

དེ་ལས་རྔ་བ་ཁུལ་ནས་ཡོང་བའི་མུ་ཏིག་སྤོ་ལོའི་སྐྱེས་པའི་རུ་ཁག་གིས་སི་ཁྲོན་ཞིང་ཆེན་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མུ་ཏིག་སྤོ་ལོའི་འགྲན་བསྡུར་ལས་ཨང་དང་པོའི་བྱ་དགའ་བླངས་ཡོད་པ་རེད། དཀར་མཛེས་ཁུལ་དང་ལིའང་ཧྲན་ཁུལ། གྲོང་ཁྱེར་དབྱི་པིང་བཅས་ཀྱི་སྐྱེས་པའི་རུ་ཁག་གིས་ཨང་གཉིས་པའི་བྱ་དགའ་བླངས་ཡོད་པ་དང་གྲོང་ཁྱེར་ཀོང་ཨན་དང་གྲོང་ཁྱེར་གཡག་རྔ་གཉིས་ཀྱི་སྐྱེས་པའི་རུ་ཁག་གིས་ཨང་གསུམ་པའི་བྱ་དགའ་བླངས་ཡོད་པ་རེད།

རྔ་བ་ཁུལ་ནས་ཡོང་བའི་མུ་ཏིག་སྤོ་ལོའི་བུད་མེད་རུ་ཁག་གིས་སི་ཁྲོན་ཞིང་ཆེན་མི་རིགས་ཀྱི་སྲོལ་རྒྱུན་ལས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མུ་ཏིག་སྤོ་ལོའི་འགྲན་བསྡུར་ལས་ཨང་དང་པོའི་བྱ་དགའ་བླངས་ཡོད་པ་རེད། ལིའང་ཧྲན་ཁུལ་དང་གྲོང་ཁྱེར་དབྱི་པིང་། གྲོང་ཁྱེར་གཡག་རྔ་བཅས་ཀྱི་བུད་མེད་རུ་ཁག་གིས་ཨང་གཉིས་པའི་བྱ་དགའ་བཅས་བླངས་ཡོད་པ་རེད།མུ་ཏིག་སྤོ་ལོའི་མཇུག་འགྲན་དར་མདོའི་ལུས་རྩལ་ཁང་དུ་སྤེལ།

མུ་ཏིག་སྤོ་ལོ་ནི་མན་ཇུ་རིགས་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་རྣམས་གྲངས་ཤིག་ཡིན་ཞིང་། མུ་ཏིག་འཐུ་མཁན་ལ་ལད་མོ་བྱས་པའི་ངལ་རྩོལ་སྟངས་སྟབས་རིམ་འགྱུར་བྱུང་བ་ཞིག་རེད། མུ་ཏིག་ལ་མན་ཇུའི་སྐད་དོ“尼楚赫”ཟེར་ཞིང་། མན་ཇུ་རིགས་ཀྱིས་མུ་ཏིག་དེ་སྣང་དང་བདེ་སྐྱིད་མཚོན་བྱེད་དུ་བརྩིས། མན་ཇུ་རིགས་ཀྱི་མེས་པོ་ཉུང་ཀྲིན་རིགས་རྒྱུད(女真人)ཀྱིས་སུང་ཧྭ་གཙང་པོའི་ནང་མུ་ཏིག་འཐུ་བའི་གཏམ་རྒྱུད་མང་པོ་དེང་གི་བར་དུ་དམངས་ཁྲོད་དུ་ཁྱབ་རྒྱ་ཆེ་བ་རེད། མུ་ཏིག་འཐུ་བར་ལད་མོ་བྱེད་པའི་ཐོན་སྐྱེད་འཚོ་བའི་ནང་དོན་ཕུན་སུམ་ཚོགས་པའི་བྱིས་པའི་རོལ་རྩེད་དང་ལུས་རྩལ་བྱ་འགུལ་ད་བར་དུ་མ་ཉམས་སོར་གནས་ཡོད་པ་རེད།

མུ་ཏིག་སྤོ་ལོའི་མཇུག་འགྲན་དར་མདོའི་ལུས་རྩལ་ཁང་དུ་སྤེལ།



མུ་ཏིག་སྤོ་ལོའི་འགྲན་བསྡུར་ནི་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཆེས་མཐའ་མའི་འགྲན་བསྡུར་གྱི་རྣམ་གྲངས་དེ་ཡིན་ལ། མཚམས་འདི་ནས་སྐབས་འདིའི་འགྲན་བསྡུར་གྱི་རྣམ་གྲངས་སོ་སོ་ཡོངས་སུ་མཇུག་རྫོགས་ཡོད་པ་རེད།


མུ་ཏིག་སྤོ་ལོའི་མཇུག་འགྲན་དར་མདོའི་ལུས་རྩལ་ཁང་དུ་སྤེལ།
མུ་ཏིག་སྤོ་ལོའི་མཇུག་འགྲན་དར་མདོའི་ལུས་རྩལ་ཁང་དུ་སྤེལ།

༼སྐལ་ཐུབ་དང་ཨོ་རྒྱན། ཡེ་ཤེས་བཅས་ཀྱིས་བྲིས་ཤིང་པར་བླངས།༽

༼ རྩོམ་སྒྲིག་པ། མགར་རྒྱལ་སྲས།༽


  • ལེ་ཚན་སྔོན་མ།:རྒྱ་རིགས་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་བཤད་ཤེས་པར་བརྩོན་ལེན་བྱེད་དགོས།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དར་མདོར་མཇུག་བསྒྲིལ།
  • དོ་སྣང་ཆེ་བའི་རྩོམ།