ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་འགལ་མཁན་གྱི་མི7300ལྷག་ཐག་གཅོད་བྱས་ཡོད།

ཡེ་ཤེས་ཀྱིས་བསྒྱུར།        2018-09-05

  ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ8པའི་ཚེས28ཉིན་འབྱོར་བའི་གཏམ་གསར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲྭ་ཚུགས་ནས་བསྒྲགས་པའི་གཞི་གྲངས་ཐོག་ནས་མཚོན་པར་གཞིགས་ན། 2018ལོའི་སྤྱི་ཟླ7པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན5178ཞིབ་གཅོད་བྱས་ཏེ་མི7353ཐག་གཅོད་བྱས་ཡོད་ཅིང་། མི5101ལ་ཏང་སྲིད་སྒྲིག་ཁྲིམས་ཐད་ཀྱི་ཆད་པ་བཅད་ཡོད་པ་རེད།

 གནད་དོན་ཞིབ་གཅོད་བྱས་པའི་རིགས་དབྱེ་ནས་བལྟས་ན། སྒྲིག་སྲོལ་དང་འགལ་ནས་ཕོགས་སྣོན་དང་ཁ་གསབ་ཕན་བདེ་སྤྲད་པའི་གནད་དོན1376དང་། སྒྲིག་སྲོལ་འགལ་ནས་འབུལ་རྟེན་དངོས་པོ་བསྡུ་བའི་གནད་དོན992 སྒྲིག་སྲོལ་དང་འགལ་ནས་གཞུང་སྤྱོད་རླངས་འཁོར་སྒྲིག་སྦྱོར་དང་སྤྱོད་པའི་གནད་དོན690 སྒྲིག་སྲོལ་དང་འགལ་ནས་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱས་པའི་གནད་དོན657  གཉེན་སྟོན་དང་གཤིན་པོ་དུར་སྐྱེལ་གཟབ་རྒྱས་བྱེད་པའི་གནད་དོན504 གཞུང་དངུལ་སྤྱད་དེ་རྒྱལ་ནང་དུ་ཡུལ་སྐོར་འགྲོ་བའི་གནད་དོན299 སྣེ་ལེན་ཁང་བཅས་ཀྱི་ཁྲིམས་འགལ་གནད་དོན181 གཞུང་དངུལ་སྤྱད་ནས་ཕྱི་རྒྱལ་དུ་ཡུལ་སྐོར་འགྲོ་བའི་གནད་དོན15 གནད་དོན་གཞན་དག465བཅས་ཡིན་པ། ཞིབ་གཅོད་བྱས་པའི་ལས་བྱེད་པའི་རིམ་པ་ལས་བལྟས་ན།  ཐག་གཅོད་བྱས་པའི་མི་སྣའི་ནང་ས་གནས་དང་ཐིང་རིམ་པའི་ལས་བྱེད་པའི་མི་གྲངས105དང་རྫོང་རིམ་པའི་ལས་བྱེད་པ863ཡོད་པ་རེད།

  2018ལོའི་སྤྱི་ཟླ7པའི་ཚེས31ཉིན་བར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན30855ལ་ཞིབ་གཅོད་བྱས་ཏེ་མི43971ཐག་གཅོད་བྱས་ཡོད་ཅིང་། མི31130ལ་ཏང་གི་སྒྲིག་ཁྲིམས་ཐད་ཀྱི་ཆད་པ་བཅད་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ལིའང་ཧྲན་འཐུས་ཚབ་ཚོགས་པས་འཕྲུལ་གཞུ་མདའ་འཕེན་གྱི་འགྲན་བསྡུར་ནང་ཨང་དང་པོའི་བྱ་དགའ་བླངས།
  • ལེ་ཚན་རྗེས་མ།:རྒྱ་རིགས་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་བཤད་ཤེས་པར་བརྩོན་ལེན་བྱེད་དགོས།
  • དོ་སྣང་ཆེ་བའི་རྩོམ།