ལིའང་ཧྲན་འཐུས་ཚབ་ཚོགས་པས་འཕྲུལ་གཞུ་མདའ་འཕེན་གྱི་ཚད་ལྡན་མཉམ་འདྲེས་ཚོགས་པའི་འགྲན་བསྡུར་ནང་ཨང་དང་པོའི་བྱ་དགའ་བླངས།

        2018-09-04

ལིའང་ཧྲན་འཐུས་ཚབ་ཚོགས་པས་འཕྲུལ་གཞུ་མདའ་འཕེན་གྱི་འགྲན་བསྡུར་ནང་ཨང་དང་པོའི་བྱ་དགའ་བླངས།


སྤྱི་ཟླ9པའི་ཚེས4ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགྲན་བསྡུར་གྱི་ཡ་གྱལ་དུ་གྱུར་པའི་འཕྲུལ་གཞུ་མདའ་འཕེན་གྱི་ཚད་ལྡན་མཉམ་འདྲེས་ཚོགས་པའི་འགྲན་བསྡུར་དེ་མདོ་གྲོང་གསར་པའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱེད་སྒོ་ལྟེ་གནས་སུ་སྤེལ་བ་རེད། 

འགྲན་བསྡུར་ཛ་དྲག་ཆེན་པོ་བྱས་ནས་ལིའང་ཧྲན་འཐུས་ཚབ་ཚོགས་པས་སྐར་གྲངས་བསྡོམས་འབོར903ཀྱིས་ཨང་དང་པོའི་བྱ་དགའ་བླངས་པ་དང་། ལུའོ་ཧྲན་དང་། ཕེན་ཀྲི་ཧྭ། དཀར་མཛེས་ཁུལ་བཅས་ཀྱི་འཐུས་ཚབ་ཚོགས་པས་ཨང་གཉིས་པའི་བྱ་དགའ་བླངས། ཁྲེང་ཏུའུ་དང་། མེན་དབྱང་གི་འཐུས་ཚབ་ཚོགས་པར་ཨང་གསུམ་པའི་བྱ་དགའ་ཐོབ་པ་རེད།


ལིའང་ཧྲན་འཐུས་ཚབ་ཚོགས་པས་འཕྲུལ་གཞུ་མདའ་འཕེན་གྱི་འགྲན་བསྡུར་ནང་ཨང་དང་པོའི་བྱ་དགའ་བླངས།

ལིའང་ཧྲན་འཐུས་ཚབ་ཚོགས་པས་འཕྲུལ་གཞུ་མདའ་འཕེན་གྱི་འགྲན་བསྡུར་ནང་ཨང་དང་པོའི་བྱ་དགའ་བླངས།

  

ཤེས་རྟོགས་བྱུང་བ་ལྟར་ན། འཕྲུལ་གཞུ་མདའ་འཕེན་གྱི་དམངས་ཁྲོད་ལུས་རྩལ་བྱ་འགུལ་འདི་ནི་ཡུན་ནན་དང་ཀུའེ་ཀྲོའུ། མཚོ་ལྷོ། ཧུའུ་ནན། ཀོང་ཞི་སོགས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་དུ་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་རེད།

༼ངེད་གསར་འགོད་པ་ཡེ་ཤེས་བཅས་ཀྱིས་བྲིས་ཤིང་པར་བླངས།༽


ལིའང་ཧྲན་འཐུས་ཚབ་ཚོགས་པས་འཕྲུལ་གཞུ་མདའ་འཕེན་གྱི་འགྲན་བསྡུར་ནང་ཨང་དང་པོའི་བྱ་དགའ་བླངས།

ལིའང་ཧྲན་འཐུས་ཚབ་ཚོགས་པས་འཕྲུལ་གཞུ་མདའ་འཕེན་གྱི་འགྲན་བསྡུར་ནང་ཨང་དང་པོའི་བྱ་དགའ་བླངས།

  • ལེ་ཚན་སྔོན་མ།:སྦེ་ག་འགྲན་བསྡུར་དར་མདོ་ལུས་རྩལ་ཁང་དུ་སྤེལ།
  • ལེ་ཚན་རྗེས་མ།:ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་འགལ་མཁན་གྱི་མི7300ལྷག་ཐག་གཅོད་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།