སྦེ་ག་འགྲན་བསྡུར་དར་མདོ་ལུས་རྩལ་ཁང་དུ་སྤེལ།

        2018-09-04

སྦེ་ག་འགྲན་བསྡུར་དར་མདོ་ལུས་རྩལ་ཁང་དུ་སྤེལ།

སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ལ་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ཆེན་མོ་བརྒྱད་ཡོད་པ་ལས་སྦེ་ག་འགྲན་བསྡུར་དེ་སྤྱི་ཚེས4ཉིན་ལ་དར་མདོ་ལུས་རྩལ་ཁང་ནས་སྤེལ་བ་རེད། 

ཐེངས་འདིར་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་འགྲན་ཞུགས་རུ་ཁག་གི་འགྲན་ཞུགས་པ་སོ་སོ་རུ་དམར་དང་རུ་སྔོན་གཉིས་སུ་བགོས་ནས་ཕན་ཚུན་འགྲན་བསྡུར་བྱས་ཤིང་། འགྲན་ཡ་རུ་མི་སོ་སོའི་ལུས་ཀྱི་ལྗིད་ཚད་འདྲ་མཉམ་བྱས་ནས་འགྲན་ཡ་རུ་བཀོད་སྒྲིག་བྱས་པ་ཡིན་ལ། སྤྱི་རྒྱ52ཅན་དང་སྤྱི་རྒྱ62ཅན། སྤྱི་རྒྱ74ཅན། སྤྱི་རྒྱ87ཅན། སྤྱི་རྒྱ87+ཅན་བཅས་འདུས་ཡོད་པ་རེད།


སྦེ་ག་འགྲན་བསྡུར་དར་མདོ་ལུས་རྩལ་ཁང་དུ་སྤེལ།

སྔ་དྲོར་འགྲན་རེས་ཐེངས་མ་སོ་གསུམ་དང་ཕྱི་དྲོར་འགྲན་རེས་བཞི་བཅས་བྱས་ནས་རྒྱལ་ཁ་ཐོབ་མཁན་གྱི་འགྲན་ཞུགས་རུ་མི་དག་འཇུག་མཐའི་རྒྱལ་ཕམ་ཐག་གཅོད་ཀྱི་རྟིང་རྩོད་འགྲན་བསྡུར་ལ་ཞུགས་པ་རེད།


སྦེ་ག་འགྲན་བསྡུར་དར་མདོ་ལུས་རྩལ་ཁང་དུ་སྤེལ།

ཛ་དྲག་གི་མཇུག་འགྲན་བྱས་ནས་སྤྱི་རྒྱ87+གྱི་སྦེ་ག་འགྲན་བསྡུར་ལས་ཨང་དང་པོའི་བྱ་དགའི་རྟགས་མ་རྔ་བ་ཁུལ་ནས་ཡོང་བའི་འགྲན་ཞུགས་རུ་མི་བཀྲ་ཤིས་ཀྱིས་བླངས་པ་དང་། སྤྱི་རྒྱ87ཅན་གྱི་ཨང་དང་པོའི་བྱ་དགའི་རྟགས་མ་རྔ་བ་ཁུལ་ནས་ཡོང་བའི་འགྲན་ཞུགས་རུ་མི་ཚེ་རིང་རྡོ་རྗེས་བླངས། སྤྱི་རྒྱ74ཅན་གྱི་ཨང་དང་པོའི་བྱ་དགའི་རྟགས་མ་རྔ་བ་ཁུལ་ནས་ཡོང་བའི་འགྲན་ཞུགས་རུ་མི་རྡོ་རྗེ་དབང་ཆེན་གྱིས་བླངས། སྤྱི་རྒྱ62ཅན་གྱི་ཨང་དང་པོའི་བྱ་དགའི་རྟགས་མ་དཀར་མཛེས་ཁུལ་གྱི་ཝེ་ལིའི་ཅིང་གིས་བླངས། སྤྱི་རྒྱ52ཅན་གྱི་ཨང་དང་པོའི་བྱ་དགའི་རྟགས་མ་དཀར་མཛེས་ཁུལ་གྱི་བཙན་བྱམས་ཀྱིས་བླངས་པ་རེད།  ཨང་གཉིས་པ་བྱ་དགའི་རྟགས་མ་དག་རྔ་བ་ཁུལ་གྱི་འགྲན་ཞུགས་པ་གསུམ་དང་དཀར་མཛེས་ཁུལ་གྱི་འགྲན་ཞུགས་པ་གཉིས། ལིའང་ཧྲན་ཁུལ་གྱི་འགྲན་ཞུགས་པ་གསུམ། ལུའོ་ཧྲན་ཁུལ་གྱི་འགྲན་ཞུགས་པ་གཉིས་བཅས་ཀྱིས་བླངས་པ་རེད།

༼ངེད་གསར་འགོད་པ་ཡེ་ཤེས་བཅས་ཀྱིས་བྲིས་ཤིང་པར་བླངས།༽


སྦེ་ག་འགྲན་བསྡུར་དར་མདོ་ལུས་རྩལ་ཁང་དུ་སྤེལ།

སྦེ་ག་འགྲན་བསྡུར་དར་མདོ་ལུས་རྩལ་ཁང་དུ་སྤེལ།

ཨང་གསུམ་པའི་བྱ་དགའི་རྟགས་མ་ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་འགྲན་ཞུགས་པ་གསུམ་དང་ལིའང་ཧྲན་ཁུལ་གྱི་འགྲན་ཞུགས་པ་གཉིས། ལུའོ་ཧྲན་ཁུལ་གྱི་འགྲན་ཞུགས་པ་གཉིས་བཅས་ཀྱིས་བླངས་པ་རེད།


སྦེ་ག་འགྲན་བསྡུར་དར་མདོ་ལུས་རྩལ་ཁང་དུ་སྤེལ།

སྦེ་ག་ཟེར་བ་ནི་རྒྱ་གར་སྐད་བྷེཀ་བོད་སྐད་དུ་ཟུར་ཆགས་ནས་བྱུང་བའི་བོད་ཀྱི་བརྡ་རྙིང་པ་ཞིག་ཡིན་ལ། མི་གཉིས་ཕན་ཚུན་དབྱུག་རེས་རྡབ་རེས་བྱས་ཏེ་སུ་རྒྱལ་འགྲན་པའི་འགྲན་བསྡུར་གྱི་རྣམ་པའི་ལུས་རྩལ་ཞིག་ཡིན་པ་རེད།


སྦེ་ག་འགྲན་བསྡུར་དར་མདོ་ལུས་རྩལ་ཁང་དུ་སྤེལ།

སྦེ་ག་འགྲན་བསྡུར་དར་མདོ་ལུས་རྩལ་ཁང་དུ་སྤེལ།

སྦེ་ག་འགྲན་བསྡུར་དར་མདོ་ལུས་རྩལ་ཁང་དུ་སྤེལ།

  • ལེ་ཚན་སྔོན་མ།:“རྒྱུད་གཅིག་ལམ་གཅིག”བཞུགས་མོལ་ཚོགས་འདུར་ཕེབས་པ་དང་གསུང་བཤད་གནང་།
  • ལེ་ཚན་རྗེས་མ།:ལིའང་ཧྲན་འཐུས་ཚབ་ཚོགས་པས་འཕྲུལ་གཞུ་མདའ་འཕེན་གྱི་འགྲན་བསྡུར་ནང་ཨང་དང་པོའི་བྱ་དགའ་བླངས།
  • དོ་སྣང་ཆེ་བའི་རྩོམ།