ཟླ་བ3པའི་ཟླ་མཇུག་ཏུ་བསླེབས་ཚེ། ཀྲེ་ཅང་ཞིང་ཆེན་ཧང་ཀྲུའུ་གྲོང་ཁྱེར་ཐུང་ལུའུ་རྫོང་གི་དབྱང་ཧྲན་ཧྥན་དང་ཧྲེན་ཅ་པོ་སོགས་རི་གྲོང་མང་པོར་མེ་ཏོག་བཞད་པའི་དུས་ཚིགས་སུ་བསླེབས་ཡོད། དམར་སྐྱའི་ཁམ་བུའི་མེ་ཏོག་དང་གསེར་མདོག་གི་པད་ཁའི་མེ་ཏོག ལིའི་མེ་ཏོག་དཀར་པོ་རབ་ཏུ་བཞད་ནས་དཔྱིད་དཔལ་གྱི་རི་མཚར་སྡུག་ལྡན་པ་ཞིག་བསྟན་པས། ས་གནས་སོ་སོའི་འགྲུལ་པ་ཚོའི་ཡིད་དབང་འགུགས་པ་དང་དུས་མཚུངས་སུ་ཡུལ་དེ་གའི་ཤང་གྲོང་ལྗོངས་རྒྱུ་གོང་འཕེལ་ཇེ་མགྱོགས་སུ་ཡོང་བར་སྐུལ་འདེད་བཏང་བ་རེད།
ཐུང་ལུའུ་རྫོང་ལ་རྒྱལ་སྤྱིའི་མེ་ཏོག་ལྡུམ་རའི་གྲོང་ཁྱེར་དང་ཀྲུང་གོའི་ཕུལ་བྱུང་གི་ལྗོངས་རྒྱུའི་སྐད་གྲགས་ལྡན་པའི་རྫོང་། རྒྱལ་ཡོངས་ཀྱི་དཔལ་ཡོན་རྫོང་སོགས་མཚན་སྙན་སྣ་མང་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་མཛེས་སྡུག་ལྡན་པའི་རང་བྱུང་གི་སྐྱེ་ཁམས་ཁོར་ཡུག་བེད་སྤྱོད་ཡག་པོ་བྱས་ཏེ་ཤང་གྲོང་གི་ལྗོངས་རྒྱུ་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་ཡོང་བར་སྐུལ་འདེད་བཏང་སྟབས། 2014ལོར་ཐུང་ལུའུ་རྫོང་གི་ཤང་གྲོང་སྤྲོ་གསེང་འགྲུལ་སྐོར་ཐད་འགྲུལ་པ་མིའི་ཐེངས་གྲངས་ཁྲི500ལ་སྣེ་ལེན་བྱས་ཤིང་ཤང་གྲོང་གི་ལྗོངས་རྒྱུའི་ཡོང་འབབ་སྒོར་དུང་ཕྱུར2.69ཐོབ་ཡོད།