རང་རྒྱལ་གྱིས་འདུས་སྡེ་ཁུལ་ཆེན་པོ་བཞིའི་ཞིང་སྡེའི་མི་འབོར་གྱི་འཐུང་ཆུ་ཉེན་མེད་ཀྱི་གནད་དོན་ཐག་གཅོད་མགྱོགས་པོ་བྱ་རྒྱུ།
མིག་དམར་གྱིས་བསྒྱུར། 2015-04-03
ཞིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཆུ་བེད་པུའུ་ཡི་ཚེས25ཉིན་གྱི་བརྡ་འཕྲིན་ལ་གཞིགས་ན། རང་རྒྱལ་གྱིས་ད་ལོར་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར36གཏོང་འཇོག་བྱ་རྒྱུའི་བཀོད་སྒྲིག་བྱས་ཏེ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་བཞིའི་བོད་ཁུལ་དང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ཁྲུང་ཆིང་འབྲི་ཆུ་འགག་གསུམ་གྱི་མཛོད་ཁུལ། ཧུའུ་ནན་དོང་ཐིང་མཚེའུ་ཁུལ་སོགས་འདུས་སྡེ་ཆེན་པོ་བཞིའི་འཆར་འགོད་ཕུད་པ་ལས་གཞན་གསར་དུ་ཐོན་པའི་ཞིང་པ་ཁྲི558.3གྱི་འཐུང་ཆུ་ཉེན་མེད་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདུས་སྡེ་ཁུལ་ཆེན་པོ་བཞིའི་འཆར་འགོད་ཕུད་པ་ལས་གཞན་པའི་ཞིང་སྡེའི་མི་འབོར་དང་འབྲེལ་བ་ཡོད་པ་དེ་དག་རྫོང166(མདའ་ཤོག་ཞིང་ར)དང་ཤང་དང་གྲོང་རྡལ1417(བརྒྱ་ཤོག་རུ་ཁག)གྲོང་གསེབ8063(དགོན་པ་དང་ཞིང་ར། ནགས་ར།)བཅས་སུ་ཁྱབ་ཡོད་ཅིང་། གཅིག་སྡུད་ཀྱིས་ཆུ་འདྲེན་ཨར་ལས་བྱེད་ས5320དང་ཐར་ཐོར་གྱི་ཆུ་འདྲེན་ཨར་ལས་བྱེད་ས1949བསྐྲུན་དགོས་པ་རེད།
ཆུ་བེད་པུའུ་ཡི་པུའུ་ཀྲང་ཁྲེན་ལེས་བསྟན་དོན། འབྲེལ་ཡོད་ཀྱི་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འདུས་སྡེ་ཆེན་པོ་བཞིའི་འཆར་འགོད་ཕུད་པ་ལས་གཞན་པའི་ཞིང་སྡེའི་འཐུང་ཆུ་ཉེན་མེད་ཀྱི་ལས་ཀའི་གལ་ཆེན་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཏན་ཏིག་གིས་ཕན་འབྲས་ལྡན་པའི་བྱེད་ཐབས་བླངས་ནས་ད་ལོའི་ལོ་མཇུག་སྔོན་ཁྱོན་ཡོངས་ནས་འཛུགས་སྐྲུན་གྱི་ལས་འགན་འགྲུབ་པར་འགན་སྲུང་བྱ་དགོས།