སྐབས་བཅོ་བརྒྱད་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཅ་ཁར་ཐར་འགོ་ཚུགས་པ།

        2018-08-24

   ཞིན་ཧྭ་གསར་འགྱུར་ཁང་ཅ་ཁར་ཐ་ནས་སྤྱི་ཟླ8ཚེས18ཉིན་འབྱོར་བའི་གཏམ་གསར། ཚེས18ཉིན་གྱི་དགོང་མོར་སྐབས་བཅོ་བརྒྱད་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐའི་ཕིང་ཅཱ་ནུ་ལུས་རྩལ་ཐང་དུ་འགོ་ཚུགས་པ་རེད། འདི་ནི་ཅ་ཁར་ཐའི་ལོ་རྒྱུས་ཐོག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་གཉེར་ཐེངས་གཉིས་པ་ཡིན་པ་རེད།

   ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ45ནས་ཡོང་བའི་ལུས་རྩལ་པ་ཁྲི1.13ལྷག་ཙམ་གྱིས་ཅ་ཁར་ཐ་དང་རོགས་གཉེར་གྲོང་ཁྱེར་ཅུས་ཀང་དུ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལས་གཞི་ཆེ་གྲས40དང་ཆུང་གྲས465ཡི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།

   སྐབས་འདིའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པར་འགྲན་ཞུགས་ལུས་རྩལ་པ་ཁྱོན་བསྡོམས845ཡོད་པ་དང་། ཁོ་ཚོས་ལས་གཞི་ཆེ་གྲས38དང་ཆུང་གྲས376གི་འགྲན་བསྡུར་ནང་ཞུགས་ཏེ་ཀྲུང་གོའི་ལུས་རྩལ་གྱི་ཉམས་འགྱུར་ངོམ་རྒྱུ་རེད། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོས་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་འགོ་འཛུགས་པའི་ཁྱབ་བསྒྲགས་གནང་རྗེས་ཕིང་ཅཱ་ནུའོ་ལུས་རྩལ་ཐང་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁེངས་པ་རེད། ཕྱིན་ཆད་ཀྱི་ཉིན15ཡི་དུས་ཚོད་ནང་ཨེ་ཤ་ཡའི་མི་ཀུན་གྱིས་གནས་དེ་གར་དོ་སྣང་བྱ་ངེས་ཡིན་པ་རེད།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1400.9སྤྲད་པ།
  • ལེ་ཚན་རྗེས་མ།:ཝང་ཡང་གིས་བོད་ལྗོངས་སུ་བརྟག་ཞིབ་གནང་བ།
  • དོ་སྣང་ཆེ་བའི་རྩོམ།