ཀྲུང་དབྱང་ནོར་སྲིད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1400.9སྤྲད་པ།

ཡེ་ཤེས་ཀྱིས་བསྒྱུར།        2018-08-24

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ས་ཁུལ་སོ་སོས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱ་ཆེད། ཉེ་ཆར། ཀྲུང་དབྱང་ནོར་སྲིད་ཀྱིས2018ལོའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར467.7སྤྲད་པའི་ཁར་སྔོན་ཚུད་ནས་སྤྲད་པའི་སྒོར་དུང་ཕྱུར928.6དང་ཤིན་ཅང་དམག་སྒར་སྡེ་ཚན་གྱི་སྔོན་རྩིས་ནང་བཀོད་སྒྲིག་བྱས་པའི་སྒོར་དུང་ཕྱུར4.6 བཅས་བསྡོམས་རྩིས་བྱས་ན 2018ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1400.9ཚང་མ་སྤྲད་ཟིན་པ་དང་། ས་ཁུལ་སོ་སོས་མ་མཐའི་འཚོ་རྟེན་འགན་སྲུང་དང་། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་འཚོ་སྐྱོང་། གནས་སྐབས་ཀྱི་རོགས་སྐྱོབ། འཁྱམ་པོ་དང་སྤྲང་པོར་རོགས་སྐྱོབ། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་ལེན་བཅས་ཕྱོགས་ལྔའི་ཐད་སྤྱི་འདོམས་ངང་སྤྱོད་རྒྱུ་ཡིན་པ་རེད།

   ནོར་སྲིད་པུའུ་དང་དམངས་སྲིད་པུའུ་ཡིས་ས་ཁུལ་ས་སོའི་ནོར་སྲིད་དང་དམངས་སྲིད་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་བྱས་ནས་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་དུས་ཐོག་ཏུ་སྤྲོད་ཐུབ་པར་འགན་ལེན་བྱ་དགོས་པ་དང་ཆབས་ཅིག འབྲེལ་ཡོད་ཀྱི་བླང་བྱ་ལ་གཞིར་བཟུང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཀྱི་ཁ་གསབ་རོགས་དངུལ་བེད་སྤྱོད་དོ་དམ་ལ་ཤུགས་སྣོན་བརྒྱག་དགོས་པའི་བླང་བྱ་བཏོན་པ་རེད།། 


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྲོས་ཚོགས་འཚོགས་པ།
  • ལེ་ཚན་རྗེས་མ།:སྐབས་བཅོ་བརྒྱད་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཅ་ཁར་ཐར་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།