མཚོ་སྔོན་དུ་སྤྱི་ལེ་གྲུ་བཞི་མ500ཙམ་གྱི་གཞི་རྒྱུ་སེ་འདུས་པའི་ས་རྒྱུའི་ཐོན་ཁུངས་རྩད་ཆོད་པ།

        2018-07-26

   ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚྭ་འདམ་གཞོང་སའི་ཏུའུ་ལན་དང་། གོར་མོ། གཏེར་ལེན་ཁ—ཝུའུ་ལན་ས་ཁུལ་བཅས་སུ་གཞི་རྒྱུ་སེ་འདུས་པའི་ས་རྒྱུའི་ཐོན་ཁུངས་སྤྱི་ལེ་གྲུ་བཞི་མ544.1ཡོད་པ་རྩད་ཆོད་པ་ནི་མཚོ་སྔོན་ཤར་རྒྱུད་ས་ཁུལ་དུ་གཞི་རྒྱུ་སེ་འདུས་པའི་ས་རྒྱུའི་ས་ཁོངས་རྩད་ཆོད་རྗེས་སླར་ཡང་གཞི་རྒྱུ་སེ་འདུས་པའི་ཐོན་ཁུངས་རྩད་གཅོད་ཐད་ཀྱི་ཚད་བརྒལ་ཞིག་རེད།

   ངོ་སྤྲོད་བྱས་པ་གཞིགས་ན། ད་ཐེངས་རྩད་ཆོད་པའི་སེ་གཞི་རྒྱུ་འདུས་པའི་ས་རྒྱུའི་ཁྲོད་ནུའོ་མོ་ཧུང་ས་ཁུལ་གྱི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ413.6ལ་ཟིན་པ་དང་། གོར་མོར་སྤྱི་ལེ་སྤྱི་ལེ་གྲུ་བཞི་མ52.8ལ་ཟིན་པ། གཏེར་ལེན་ཁ—ཝུའུ་ལན་དུ་སྤྱི་ལེ་གྲུ་བཞི་མ77.7ཟིན་པ་རེད། ས་ཁོངས་དེའི་སྟོང་ཁེ་རེའི་ས་རྒྱུའི་ཁྲོད་གཞི་རྒྱུ་སེ་འདྲེས་ཚད་ཧའོ་ཁེ0.23ནས2.8བར་ཡིན་པ་དང་ཆ་སྙོམས་འདྲེས་ཚད་ཧའོ་ཁེ0.4ཟིན་པ་དེ་དེ་སྔོན་མཚོ་སྔོན་ཤར་རྒྱུད་དུ་ཤེས་རྟོགས་ཐུབ་པའི་གཞི་རྒྱུ་སེ་འདུས་པའི་ས་རྒྱུའི་སེའི་འདྲེས་ཚད་དང་མཚུངས་ཀྱི་ཡོད་པ་རེད།།

 


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་ནད་ཕོག་ནས་དབུལ་པོར་གྱུར་པའི་དུད་ཚང་ཁྲི581དབུལ་ཐར་བྱུང་།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩ་ཡིས་རྒྱལ་ཡོངས་ཀྱི་རྫོང་དབུལ་པོ39ལ་དབུལ་སྐྱོར་དཔེ་སྟོན་གྱི་ལས་གཞི་སྤེལ།
  • དོ་སྣང་ཆེ་བའི་རྩོམ།