ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩ་ཡིས་རྒྱལ་ཡོངས་ཀྱི་རྫོང་དབུལ་པོ39ལ་དབུལ་སྐྱོར་དཔེ་སྟོན་གྱི་ལས་གཞི་སྤེལ།

ཡེ་ཤེས་ཀྱིས་བསྒྱུར།        2018-07-26

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ7པའི་ཚེས13ཉིན་འབྱོར་བའི་གཏམ་གསར། ཀྲུང་དབྱང་ཁེ་ལས་ཀྱི་ས་ཁུལ་དབུལ་པོའི་ཐོན་ལས་ཐད་ཀྱི་མ་དངུལ་གཏོང་འཇོག་ཐེབས་རྩ(ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩ) ཡིས་རྒྱལ་ཡོངས་ཀྱི་རྫོང་དབུལ་པོ39ལ་རླུང་ཤུགས་གློག་འདོན་དང་། དེང་རབས་ཕྱུགས་འབྲོག་གསོ་སྤེལ། མིག་ནད་ཚན་ཁག་གི་སྨན་བཅོས་སོགས་དབུལ་སྐྱོར་གྱི་དཔེ་སྟོན་ལས་གཞི་ཁག་གཅིག་སྤེལ་འགོ་ཚུགས་ཏེ། ས་ཁུལ་དབུལ་པོར་ས་ཁོངས་དཔལ་འབྱོར་གོང་འཕེལ་གཏོང་རོགས་བྱས་ནས་མང་ཚོགས་དབུལ་པོ་དབུལ་ཐར་གནད་སྨིན་ཡོང་བར་སྣེ་ཁྲིད་བྱ་རྒྱུ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ7པའི་ཚེས13ཉིན་ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩ་ཡིས་ཁག་བགོས་ནས་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་དང་རྫོང་དབུལ་པོ12ཀྱི་བར་རླུང་ཤུགས་གློག་འདོན་ལས་གཞི་ལ་མ་དངུལ་གཏོང་འཇོག་བྱ་རྒྱུའི་མཉམ་ལས་གྲོས་མཐུན་བཞག་པ་དང་། འབྲོག་ལས་བཟའ་བཅའ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དང་རྫོང་དབུལ་པོ22ཀྱི་བར་དེང་རབས་ཕྱུགས་འབྲོག་གསོ་སྤེལ་གྱི་ལས་གཞིར་མ་དངུལ་གཏོང་འཇོག་བྱ་རྒྱུའི་མཉམ་ལས་གྲོས་མཐུན་བཞག་པ། ཧོ་ཧྲི་མིག་ནད་ཚན་ཁག་གི་ཚོགས་པ་སྤྱི་གཉེར་ཁང་དང་རྫོང་དབུལ་པོ5ཡི་བར་མིག་ནད་ཚན་ཁག་གི་སྨན་བཅོས་ཀྱི་དབུལ་སྐྱོར་གནད་སྨིན་ལས་གཞི12ལ་མ་དངུ་གཏོང་འཇོག་བྱ་རྒྱུའི་མཉམ་ལས་གྲོས་མཐུན་བཞག་པ་རེད། 

   རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཧུང་ཐེན་ཡུན་གྱིས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཕྱིན་ཆད་ཐོན་ལས་དབུལ་སྐྱོར་ཐེབས་རྩ་ཡིས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཚོང་རའི་དཔལ་འབྱོར་དང་མ་རྩ་འཁོར་སྐྱོད་ཚོང་གཉེར་གྱི་ཆོས་ཉིད་བརྩི་སྲུང་བྱེད་པ། མ་རྩ་འཁོར་རྒྱུག་ཡག་པོ་བྱེད་ཐུབ་པ། ཐེབས་རྩའི་ཤུགས་རྐྱེན་རྒྱ་བསྐྱེད་གཏོང་བ། སྤྱི་ཚོགས་ཀྱི་ལས་རིགས་ཁག་དབུལ་ཐར་འགག་སྒྲོལ་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་གང་ཐུབ་བྱ་དགོས་པའི་རེ་བ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:མཚོ་སྔོན་དུ་སྤྱི་ལེ་གྲུ་བཞི་མ500ཙམ་གྱི་གཞི་རྒྱུ་སེ་འདུས་པའི་ས་རྒྱུའི་ཐོན་ཁུངས་རྩད་ཆོད་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཅི་ལིན་ཁྲང་ཁྲུན་ནས་བྱུང་བའི་ཁྲང་ཧྲེང་སྐྱེ་དངོས་རིམས་འགོག་སྨན་ཁབ་གྱོད་དོན་ལ་མཛུབ་སྟོན་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།